གངས་རིའི་བུ་མོ་རིག་གནས་ལས་སྒྲུབ་ཁང་གིས་ཧོར་གཙང་དྭ་ཕྲུག་སློབ་གྲྭར་རོགས་སྐྱོར་བྱས་པ།
རོགས་སྐྱོར་དངོས་པོ་སློབ་གྲྭར་འབྱོར་བ།
2011ལོའི་ཟླ12པའི་ཚེས12ཉིན། སི་ཁྲོན་ཞིང་ཆེན་དབུལ་སྐྱོབ་གཞུང་ལས་ཁང་གིས་མ་དངུལ་གྱི་མཐུན་རྐྱེན་སྦྱར་བའི་འོག གངས་རིའི་བུ་མོའི་རིག་གནས་ལས་སྒྲུབ་ཁང་གི་ཧོར་གཙང་ཀླུ་རྒྱལ་དང་མགོན་པོ་སྐྱིད་གཉིས་ཀྱིས་ཀན་ལྷོ་བསང་ཆུ་རྫོང་ཧོར་གཙང་དྭ་ཕྲུག་སློབ་གྲྭའི་སློབ་མ་ཡོངས་ལ་དགུན་ལྭ་དང་སློབ་ཆས་སོགས་ཀྱི་རོགས་རམ་བྱས་པ་སྟེ། བོད་ལྭ་དང་སྐ་རགས་ཆ་ཚང་། དགུན་ལྷམ་དང་རྐང་འབོབ། དགུན་ཞྭ་ཆ་ཚང་། སོ་བཀྲུ་བྱེད་ཀྱི་ཡོ་ཆས་དང་འདག་རྫས་སོགས་གནང་བར་མ་ཟད། ལོ་རིམ་དྲུག་པ་དང་། དམའ་འབྲིང་དང་པོ་དང་གཉིས་པ་སོགས་མཐོ་རིམ་སློབ་མར་རྒྱ་ཡིག་དང་། བོད་ཡིག དབྱིན་ཡིག་སོགས་ཀྱི་ཚིག་མཛོད་རེ་དང་། བོད་ཡིག་དང་རྒྱ་ཡིག་གི《ཆུང་འབྲིང་སློབ་མའི་རྩོམ་ཡིག་འབྲི་དཔེ》། ད་དུང་བསང་ཆུ་རྫོང་དང་གཙོས་བོད་རིགས་སློབ་འབྲིང་དུ་སློབ་གཉེར་བྱེད་བཞིན་པའི་དམའ་འབྲིང་དང་པོ་དང་གཉིས་པའི་སློབ་མ་ཚོར་འཚོ་བའི་ཁ་གསབ་གྱི་སྒོར་བརྒྱ་རེ། བོད་རྒྱ་རྩིས་གསུམ་གྱི་ཟིན་བྲིས་འབྲི་དེབ་དང་ལྕགས་སྨྱུག་སོགས་ཀྱི་རོགས་སྐྱོར་གནང་བ་རེད།
རོགས་སྐྱོར་དུ་གནང་བའི་བོད་ལྭ་དང་སྐ་རགས།
དགུན་ལྷམ་སོགས་རོགས་སྐྱོར་དངོས་པོ་སློབ་གྲོགས་ཚོར་སྦྱིན་པ།