དཔའ་རིས་ལ“རྒྱལ་ཡོངས་ས་མིང་སྤྱི་བའི་ཞབས་ཞུའི་དཔེ་སྟོན་རྫོང”ཞེས་པའི་མཚན་སྙན་ཐོབ་པ།

བོད་རྒྱ་ཡིག་རིགས་གཉིས་སྤེལ་མར་བཀོད་པའི་སྒོ་བྱང་།
ཉེ་སྔོན། དམངས་སྲིད་པུའི《རིམ་པ་དང་པོའི་རྒྱལ་ཡོངས་ས་མིང་སྤྱི་བའི་ཞབས་ཞུའི་དཔེ་སྟོན་གྲོང་ཁྱེར(རྫོང་དང་ཁུལ)གྱི་མིང་ཐོ་ཁྱབ་སྒྲོག་བརྡ་ཁྱབ》ལས། ཀན་སུའུ་ཞིང་ཆེན་དཔའ་རིས་བོད་རིགས་རང་སྐྱོང་ཁུལ་ལ་རིམ་པ་དང་པོའི་རྒྱལ་ཡོངས་ས་མིང་སྤྱི་བའི་ཞབས་ཞུའི་དཔེ་སྟོན་རྫོང་གི་མཚན་སྙན་གསོལ་བ་རེད། རྒྱུས་ལོན་པ་ལྟར་ན་བོད་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དང་། གཞིས་ཀ་རྩེ་གྲོང་ཁྱེར། སྣེ་གདོང་རྫོང་བཅས་ས་ཁུལ་གསུམ་ཡང་དེའི་ཁོངས་སུ་འདུས།

བོད་རྒྱ་ཡིག་རིགས་གཉིས་སྤེལ་མར་བཀོད་པའི་ལམ་བྱང་།
2010ལོའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་བཙུགས་ནས་ལོ་འཁོར60ལོན་པའི་དུས་སྟོན་གྱི་སྐབས་དང་བསྟུན་ནས། མི་རིགས་རིག་གནས་གཟེངས་སུ་འདོན་པ་དང་། བོད་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་མཐོ་སྒང་གི་སྐྱེ་ཁམས་གནས་སྐོར་རིག་གནས་རྫོང་འདིའི་སྤུས་ཚད་མཐོར་འདེགས་བྱེད་པ། དེ་མིན་དཔའ་རིས་ཀྱི་སྣང་བརྙན་ལེགས་པོ་ཞིག་བསྐྲུན་པར་དགོངས་ནས་དཔའ་རིས་རྫོང་མི་རིགས་སྐད་ཡིག་ལས་ཁུངས་ཀྱིས་རྫོང་སྲིད་གཞུང་ལ《དཔའ་རིས་བོད་རིགས་རང་སྐྱོང་རྫོང་གིས་སྤྱི་ཚོགས་སྟེང་སྤྱོད་པའི་བོད་ཡིག་ལེགས་བཅོས་ཀྱི་འཆར་བཀོད》ཡར་ཞུ་བྱས་ནས་འགོ་ཁྲིད་རྣམ་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ཐོབ། སྤྱི་ཚོགས་སྟེང་སྤྱོད་པའི་བོད་ཡིག་ལེགས་བཅོས་བྱ་འགུལ་དེ་བཟོ་ཚོང་དང་མཁར་གྲོང་འཛུགས་སྐྲུན་སོགས་འབྲེལ་ཡོད་ལས་ཁུངས་དང་མཐུན་སྦྱོར་བྱས་པར་བརྟེན། རྫོང་ཡོངས་སུ་རིགས་སོ་སོའི་བོད་ཡིག་བཀོལ་སྤྱོད་ཁྲོད་ཀྱི་ཡིག་ནོར་དང་། ལོག་སྒྱུར། ཚད་ལྡན་མ་ཡིན་པ་སོགས་ཀྱི་སྣང་ཚུལ་ལ་དམིགས་ཏེ་ཕྱོགས་ཡོངས་ལ་ལྟ་ཞིབ་ལེགས་བཅོས་བྱས་པ་རེད།
མིག་སྔར་དཔའ་རིས་རྫོང་དུ98%ཡན་གྱི་སྒོ་བྱང་དང་། ཚོང་བརྡ། ཐམ་ག་སོགས་སུ་སྤྱོད་པའི་བོད་ཡིག་ཁྲོད་དུ་ཡིག་ནོར་དང་། ལོག་སྒྱུར། ཚད་ལྡན་མ་ཡིན་པ་སོགས་ཀྱི་སྣང་ཚུལ་མ་མཆིས་ཤིང་། ཁྲོམ་རའི་ཚོང་ཁང་མང་པོར་གཅིག་གྱུར་སྒོས་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ཕྱུག་པའི་སྒོ་བྱང་དང་ཚོང་བརྡའི་ཇུས་འགོད་སྤྱོད་ཀྱིན་ཡོད།
