logo

འཇུ་རེས་ལུས་རྩལ་པ་ཤི་ལོག་སྒྲོལ་མ་ཨོ་རྩལ་ཉམས་ལེན་འགྲན་བསྡུར་ལ་ཞུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-13 ཀློག་གྲངས།:


འཇུ་རེས་ལུས་རྩལ་པ་ཤི་ལོག་སྒྲོལ་མ་ཨོ་རྩལ་ཉམས་ལེན་འགྲན་བསྡུར་ལ་ཞུགས་པ།

          ཟླ12བའི་ཚེས10ནས་ཚེས11བར།  67kgཅན་གྱི་འཛམ་གླིང་འཇུ་རེས་ལེགས་སྐྱེས་འགྲན་བསྡུར་སྟེང་ཨང་དང་པོ་དང་རྒྱལ་ཡོངས་འཇུ་རེས་འགྲན་བསྡུར་སྟེང་ཨང་གཉིས་པ་ཐོབ་མྱོང་བའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་ཤི་ལོག་སྒྲོལ་མ་ཀྲུང་གོའི་འཇུ་རེས་ལུས་རྩལ་རུ་ཁག་དང་མཉམ་དུ་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཀྱི་ཉམས་ལེན་འགྲན་བསྡུར་ལ་ཞུགས་པ་རེད།
          ཐེངས་འདིའི་ཉམས་ལེན་འགྲན་བསྡུར་ནི་ལུང་ཏུང་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་ཁུལ་གཙོ་གྲས་ཤིག་ཏེ་ཡེ་ཁི་སེ་ཀོང་ཞེས་པར་སྤེལ་པ་དང་།  ཀྲུང་གོའི་འཇུ་རེས་ལུས་རྩལ་རུ་ཁག་གིས་བསྡོམས་པས་ལུས་རྩལ་པ11མངགས་ཏེ་འགྲན་བསྡུར་ལ་ཞུགས་སུ་བཅུག་པ་དང་།  ཤི་ལོག་སྒྲོལ་མ་ནི63kgཅན་གྱི་བུད་མེད་འགྲན་ཞུགས་པ་ཞིག་ཡིན། 
          ཀྲུང་གོའི་འཇུ་རེས་ལུས་རྩལ་རུ་ཁག་གི་ཟུར་ཁྲིད་དགེ་རྒན་ཀྲང་ཧོའོ་ཅེས་ཀྱིས་བཤད་རྒྱུར།  ཐེངས་འདིའི་བུད་མེད་ལུས་རྩལ་པ་དག་ནི་ལུས་རྩལ་རུ་ཁག་སོ་སོའི་ནང་ཆེས་ཕུལ་བྱུང་གི་ལུས་རྩལ་པ་དག་ཡིན་ཕྱིར།  སང་ལོའི་ལུང་ཏུང་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་དང2016ལོའི་ལི་ཡོས་རིའུ་ནེ་ལུའུ་ཡི་ཨོ་ལིན་ཕེ་ཁི་ལུས་རྩལ་འགྲན་ཚོགས་གང་རུང་ལ་ཞུགས་པའི་གོ་སྐབས་ཡོད་པ་ཡིན་ཟེར། 


འབྲེལ་ཡོད་འོས་སྦྱོར།