CCTVརྒྱལ་ཡོངས་ན་གཞོན་གླུ་བ་འགྲན་བསྡུར་མཚོ་སྔོན་འགྲན་ཁུལ་དུ་བོད་རིགས་འགྲན་ཞུགས་པ་མང་བ།
CCTVརྒྱལ་ཡོངས་ན་གཞོན་གླུ་བ་མཚོ་སྔོན་འགྲན་ཁུལ་ཡུལ་དངོས།
ཉེ་ལམ། སྐབས་བཅོ་ལྔའིCCTVརྒྱལ་ཡོངས་ན་གཞོན་གླུ་བ་བརྙན་འཕྲིན་འགྲན་བསྡུར་མཚོ་སྔོན་འགྲན་ཁུལ་གྱི་འདེམ་བཞག་འགྲན་བསྡུར་ཚ་ཚ་འུར་འུར་ངང་སྤེལ་གྱི་ཡོད་ཅིང་། ཡུལ་ཤུལ་དང་། མཚོ་ལྷོ། རྨ་ལྷོ་སོགས་བོད་ཁུལ་ནས་ཡོང་བའི་འགྲན་ཞུགས་པ་དག་རང་འགུལ་སྒོས་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཤིང་། ཁོང་ཚོས་བླངས་བའི་བོད་རིགས་དམངས་ཁྲོད་གླུ་གཞས་དག་མཚོ་སྔོན་འགྲན་ཁུལ་གྱི་ཁྱད་ཆོས་ཤིག་ཏུ་གྱུར་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགྲན་བསྡུར་ནི་མཚོ་སྔོན་རྒྱང་བསྒྲགས་བརྙན་འཕྲིན་ཁང་དང་། མཚོ་སྔོན་ཞིང་ཆེན་གླུ་གཞས་ཆེད་མཁས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། གདངས་མཛེས་གླུ་གཞས་དང་། མི་རིགས་རང་བཞིན་གྱི་གླུ་གཞས། དེང་རབས་གླུ་གཞས། གཉུག་མའི་གླུ་གཞས། དེ་མིན་མཉམ་ལེན་སོགས་ནང་དོན་ཁག་ལྔ་རུ་བགོས་ཡོད་ཅིང་། འགྲན་ཞུགས་པ་རྣམས་ཀྱི་ལོ་ཚོད18ནས35བར་གཏན་འཁེལ་བྱས་ཡོད་པ་དང་། འགྲན་ཞུགས་པ་སོ་སོས་འགྲན་བསྡུར་འགོ་རྩོམ་དུས་གླུ་གཞས་ཤིག་གཏོང་དགོས་པ་དང་བསྐྱར་འགྲན་བྱེད་དུས་གླུ་གཞས་གཉིས་གཏོང་དགོས་ཀྱི་ཡོད། རྟིང་རྩོད་འགྲན་བསྡུར་བྱེད་དུས་ཕྱོགས་ཡོངས་སྤུས་ཚད་ཀྱི་ཁ་རྒྱུགས་དང་། གླུ་གཞས་ཤེས་བྱའི་རིག་མཛོད་རྨང་གཞིའི་གླུ་གཞས་གཞུང་ལུགས་དང་གླུ་གཞས་སྤུས་ཚད་སོགས་ཀྱི་ཐད་ནས་འོས་མིན་ཉམས་ཚོད་ལེན་པ་རེད།
ཟླ12པའི་ཚེས5ནས་བཟུང་། མཚོ་སྔོན་གློག་བརྙན་ཕྱོགས་བསྡུས་རིག་རྩལ་ལེ་ཚན་དུ་དུས་ཚོད20:01སྟེང་མཚོ་སྔོན་འགྲན་ཁུལ་གྱི་གནས་ཚུལ་བརྒྱུད་གཏོང་བྱེད་ཀྱིན་ཡོད་པས། རྣམ་པ་ཚོས་དུས་ལྟར་བརྙན་འཕྲིན་ལ་གཟིགས་ཆོག་པ་རེད།