logo

སྨིན་གྲོལ་གླིང་གི་རང་བྱུང་བོད་སྤོས།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-07 ཀློག་གྲངས།:


ལས་སྣོན་བྱས་ཚར་པའི་བོད་སྤོས།

  སྨིན་གྲོལ་གླིང་ནི་རྙིང་མ་བའི་དགོན་སྡེ་ཞིག་ཡིན་ཞིང་། དེར་བོད་སྤོས་ཐོན་སྐྱེད་བྱེད་པའི་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་རིང་མོ་ལྡན་པ་རེད། རང་བྱུང་སྨན་རྫས་དང་དྲི་རྫས་ལས་ལས་སྣོན་བྱས་པའི་བོད་སྤོས་ལ་ནད་རིགས་སྔོན་འགོག་དང་མཁའ་དབུགས་གཙང་སྒྱུར་གྱི་ཕན་ནུས་ཁྱད་དུ་འཕགས་པ་ལྡན། སྲོལ་རྒྱུན་གྱི་བོད་སྤོས་ལས་སྣོན་བྱེད་པའི་ལོ་རྒྱུས་ཁྲོད་སྙེ་མོ་རྫོང་དང་། སྟོད་ལུང་བདེ་ཆེན་རྫོང་། ལྷོ་ཁའི་སྨིན་གྲོལ་གླིང་དགོན་བཅས་ནི་སྲོལ་རྒྱུན་གྱི་བོད་སྤོས་ཐོན་སྐྱེད་བྱེད་གནས་གསུམ་དུ་བཤད་ཅིང་། དེ་ལས་སྨིན་གྲོལ་གླིང་དགོན་གྱི་བོད་སྤོས་ནི་བོད་སྤོས་ཁྲོད་ཆེས་མཆོག་ཏུ་གྱུར་བར་བརྩི།


བོད་སྤོས་ལས་སྣོན་བྱེད་པའི་རྒྱུ་ཆ་སིལ་བུར་རྡུང་བཞིན་པ།

  སྨིན་གྲོལ་གླིང་གི་བོད་སྤོས་ལས་སྣོན་བྱེད་པའི་བརྒྱུད་རིམ་ནི་ཧ་ཅང་ཞིབ་ཚགས་ལྡན་པ་ཞིག་ཡིན་ཏེ། ནང་ཆོས་བསྟན་བཅོས་ཁྲོད་བཀོད་པའི་ཡུལ་ཐབས་སྤྱད་དེ་རྒྱུ་ཆ་ལས་སྣོན་དང་། བཟོ་ལྟ་ཐོན་པ། སྐམ་དུ་འཇུག་པ། སྟིམ་འཇུག་བྱེད་པ་སོགས་གོ་རིམ་ཡོངས་མིས་ལས་སྣོན་བྱེད་པས་ཐོན་ཚད་མོད་པོ་མི་འདུག  བོད་སྤོས་ཀྱི་རྒྱུ་ཆ་ལ་ཨ་གར་དང་། ཙན་དན། ལི་ཤི། ལྕ་བ། རུ་ཏ། ཤིང་ཚ། ཤེལ་ཏ། ཤུ་དག གུར་གུམ་སོགས་སྨན་རྫས་དང་ལྷན་སྐྱེས་ཀྱི་དྲི་རྫས་སྣ་ཚོགས། དེ་མིན་གཏེར་རྫས་སྣ་ཚོགས་སོགས་ལས་རྫས་འགྱུར་དྲི་རྫས་ཀྱི་ལྷད་གང་ཡང་འདྲེས་མེད་པ་རེད།


ལས་སྣོན་བྱས་རྗེས་སྐམ་དུ་འཇུག་པ།


འབྲེལ་ཡོད་འོས་སྦྱོར།