logo

ཁྲི་ཀའི་གནས་སྐོར་ཁྱབ་སྒྲོག་ཚོགས་འདུ་ཀོང་ཀྲོའུ་རུ་ཚོགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-12-02 ཀློག་གྲངས།:


གྲོས་མཐུན་ཡི་གེའི་མིང་རྟགས་འགོད་པ། 

          “མཛེས་སྡུག་གི་མཚོ་སྔོན། རྨ་ཀློང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་ཡུལ་སྐོར་མཚན་བྱང་ཁྱབ་སྤེལ་བྱེད་ཆེད།  ཟླ11པའི་ཚེས30ཉིན།  “མཛེས་སྡུག་གི་མཚོ་སྔོན། རྨ་ཀློང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས་ཀོང་ཏུང་དུ་བསྐྱོད་པ”ཞེས་པའི་ཡུལ་སྐོར་ཁྱབ་སྒྲོག་ཚོགས་འདུ་ཀོང་ཀྲོའུ་རུ་ཚོགས་ཤིང་།  མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡི་འགོ་གཙོ་གཞོན་པ་ཝང་ཧྲུའུ་མོའོ་ཡིས་མཛད་སྒོར་མདོ་འཛིན་བྱས། 
          ཀོང་ཏུང་ཞིང་ཆེན་གནས་སྐོར་ཅུའུ་ཡི་འགོ་གཙོ་གཞོན་པ་ཝང་ཀྲི་ཧོང་དང་གཞུང་ལས་ཁང་གི་འགོ་གཙོ་ཆིའུ་ཀྲོའོ་ཞེན།  ཐོན་ཁུངས་དང་ཚོང་ར་སྔོག་འདོན་ལྟེ་གནས་ཀྱི་འགོ་གཙོ་ཀན་ཏཱ་ཧྲན།  རྟོག་ཞིབ་ཞིབ་འཇུག་པ་ཝུའུ་ཤོད་ལེ།  འཆར་འགོད་རྩིས་ཞིབ་ལྟེ་གནས་ཀྱི་འགོ་གཙོ་ཁྲིན་ཀྲིན་ཏེའེ།  མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡི་འགོ་གཙོ་གཞོན་པ་ཝང་ཧྲུའུ་མོའོ།  མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཉིན་ཁི་ཕིན།  མཚོ་ལྷོ་ཁུལ་གནས་སྐོར་ཅུའུ་དང་།  ཁྲི་ཀ་རྫོང་གནས་སྐོར་སྔོག་འདོན་དོ་དམ་ཨུ་ཡོན་ལྷན་ཚོགས།  ཁྲི་ཀ་རྫོང་གནས་སྐོར་ཅུའུ་ཡི་འགན་འཛིན་པ།  ཀོང་ཏུང་བརྙན་འཕྲིན་ཁང་།  ཀོང་ཏུང་ཞིང་ཆེན་རིག་གནས་གནས་སྐོར་མཐུན་ཚོགས་ཀྱི་འགན་འཛིན་པ།  ཀོང་ཏུང་ཞིང་ཆེན་གྱི་མིང་གྲགས་སྨྱན་རིགས་སྡེ་ཁག་གི་གསར་འགོད་པ་དང་གནས་སྐོར་ལས་རིགས་ཁེ་ལས་འགན་འཛིན་སོགས་བསྡོམས་པས་མི108ལྷག་ཐེངས་འདིའི་ཚོགས་འདུ་ལ་ཞུགས་པ་རེད། 


འབྲེལ་ཡོད་མི་སྣ་ལྷན་དུ་པར་བསྐྱོན་པ།

          ཚོགས་འདུའི་སྟེང་།  ཁྲི་ཀ་རྫོང་གནས་སྐོར་སྔོག་འདོན་དོ་དམ་ཨུ་ཡོན་ལྷན་ཚོགས་དང་ཀོང་ཏུང་ཞིང་ཆེན་གལནས་སྐོར་ཅུའུ་ཐོན་ཁུངས་དང་ཚོང་ར་སྔོག་འདོན་ལྟེ་གནས་གཉིས་ཀྱིས“མཛེས་སྡུག་གི་མཚོ་སྔོན། རྨ་ཀློང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་གནས་སྐོར་ཁྱབ་སྤེལ་ཚོགས་འདུའི་གྲོས་མཐུན་མིང་རྟགས་བཀོད་ཅིང་།   ཁྲི་ཀ་རྫོང་གནས་སྐོར་སྔོག་འདོན་དོ་དམ་ཨུ་ཡོན་ལྷན་ཚོགས་དང་མཚོ་སྔོན་ནུབ་མཚོ་རྒྱལ་སྤྱིའི་གནས་སྐོར།  མཚོ་སྔོན་འཛམ་གླིང་ཆེན་མོའི་རྒྱལ་སྤྱི་གནས་སྐོར། ཀྲུང་གོའི་གནས་སྐོར་ལས་ཁུངས་མཚོ་སྔོན་དབྱེ་ཚན་ཀུན་ཟི།  ཀོང་ཏུང་རྒྱལ་སྤྱི་གནས་སྐོར།  ཀོང་ཀྲིག་ཁོངས་ཡངས་གནས་སྐོར་རྒྱལ་སྤྱི་གནས་སྐོར་སོགས་ལས་ཁུངས་ཀྱིས“2010ལོའི་མཛེས་སྡུག་གི་མཚོ་སྔོན།   ཀོང་ཏུང་གི་མི་ཁྲི་ལྷག་ཁྲི་ཀར་ཡུལ་སྐོར་དུ་སླེབས་པ”ཞེས་པའི་བྱ་འགུལ་གྲོས་མཐུན་ཡི་གེའི་མིང་རྟགས་བཀོད་པ་རེད།
          ད་ལོ་ནས་བཟུང་།  ཁྲི་ཀ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཞིང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡི“མཚན་བྱང་ལེན་པ་དང་། ཚོང་གཉེར་གཙོར་འཛིན་པ”ཞེས་པའི་དགོངས་དོན་ལྟར།  ད་ལོའི་ཟླ5བ་དང་ཟླ7པ།  ཟླ11པར་སོ་སོར་ཀན་སུའུ་དང་ཧྲན་ཞི།  པེ་ཅིང་སོགས་ས་ཁུལ་དུ“ མཛེས་སྡུག་གི་མཚོ་སྔོན་དང་།  དག་ཞིང་གི་མཚོ་ལྷོ”ཞེས་པ་དང་།  “རྨ་ཀློང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་གནས་སྐོར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཤིང་།  པེ་ཅིང་གྲོང་ཁྱེར་གནས་སྐོར་ཨུ་ཡོན་ལྷན་ཁང་དང“2010ལོའི་མཛེས་སྡུག་གི་མཚོ་སྔོན། པེ་ཅིང་མི་ཁྲི་ལྷག་ཁྲི་ཀར་གནས་སྐོར་བྱེད་པ”ཞེས་པའི་གྲོས་མཐུན་བཀོད་པ་དང་།  ཐེངས་འདིའི་ཀོང་ཏུང་གནས་སྐོར་ཁྱབ་སྤེལ་བྱ་འགུལ་སྤེལ་པ་བརྒྱུད།  གནས་སྐོར་དྲིལ་སྒྲོག་གི་ནུས་པ་སྔར་ལས་ཆེ་ཞིང་།  བྱ་བའི་ཚགས་དམ་པ།  ཁྱབ་རྒྱ་ཆེ་བར་ཡོད་པ་རེད། 
          ལན་གྲུ་དང་ཞི་ཨན།  པེ་ཅིང་།  ཀོང་ཏུང་སོགས་སུ་སྤེལ་པའི“མཛེས་སྡུག་གི་མཚོ་སྔོན། དག་ཞིང་གི་མཚོ་ལྷོ།  རྨ་ཀློང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་པའི་གནས་སྐོར་ཁྱབ་སྤེལ་ཚོགས་འདུ་ལེགས་འགྲུབ་བྱུང་བ་འདིས་ཁྲི་ཀའི་གནས་སྐོར་ཐོན་ཁུངས་སྒྲོག་སྤེལ་བྱེད་པ་དང་།  མཉམ་འབྲེལ་གྱི་སྟེགས་བུ་ཆེན་པོ་ཞིག་བསྐྲུན་པ་མ་ཟད།  ཁྲི་ཀ་རྫོང་གནས་སྐོར་ལས་རིགས་འདི་རྒྱལ་ནང་གནས་སྐོར་ཚོང་ར་རུ་རྐང་འཛུགས་པར་རྨང་གཞི་བརྟན་པོ་བཞག་ལ།  ཁྲི་ཀའི་གནས་སྐོིར་ལས་རིགས་ཀྱི་འཕེལ་རྒྱས་དང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་གོ་སྐབས་ཆེན་པོ་ཞིག་སྐྲུན་ངེས་རེད། 


འབྲེལ་ཡོད་འོས་སྦྱོར།