logo

གསར་དུ་ཕྱེ་བའི་ཁ་བ་དཀར་བོ་གསོལ་སྟོན་གླིང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-30 ཀློག་གྲངས།:


ཁ་བ་དཀར་བོ་གསོལ་སྟོན་གླིང་།

         ཉེ་ལམ།  རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་གྱི་བོད་ཁྲོམ་གྱི་ཤར་ལྷོའི་མཚམས་ཀྱི་ལམ་ཆེན་སུམ་མདོ་རུ་བོད་ཀྱི་ཁྱད་ཆོས་དང་རང་ལུགས་འབུར་དུ་མངོན་པའི་ཁ་བ་དཀར་པོ་གསོན་སྟོན་གླིང་ཞེས་པའི་གསོལ་སྟོན་ཁང་གསར་བ་ཞིག་ཕྱེ་ཡོད་ཅིང་། གཞི་རྒྱ་ཆེ་ལ་གནས་བཀོད་མཛེས་པ། བོད་མིའི་གནའ་དེང་གི་བཟའ་རིགས་མང་ལ་རོང་འབྲོག་གཉིས་ཆར་གྱི་ཟས་སྦྱོར་བྲོ་བཅུད་ལྡན་པ་དང་། གསོལ་ཁང་གི་ཟས་རིགས་བདེ་འཇགས་དོ་དམ་དང་ཞབས་ཞུའི་སྒྲུབ་པ་ཤིན་ཏུ་ལེགས།


ཁ་བ་དཀར་བོ་གསོལ་སྟོན་གླིང་ནང་ངོས།

          བདག་པོས་བཤད་རྒྱུར། གནས་འདིར་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཡོངས་ལ་བོད་ལུགས་རང་བཞིན་གྱི་གསོལ་མགྲོན་དང་བོད་མིའི་ཁྱད་ཆོས་མ་ཡལ་བའི་ཟས་རིགས་ངོ་སྤྲོད་ཞུ་རྒྱུ་ཡིན་ཞིང་། རིན་གོང་སྟབས་བདེ་ལ་གསོལ་ཟས་ཀྱི་བཅུད་ཀ་མང་བ། ཞབས་ཞུའི་རྣམ་འགྱུར་གང་ནུས་ཀྱིས་སྐུ་མགྲོན་ཚོའི་རེ་འདོད་སྐོང་བ་དང་ངལ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པར། ཁ་བ་དཀར་པོ་གསོལ་སྟོན་གླིང་གི་ལས་འཛིན་པ་ཡོངས་ཀྱིས་འབད་པ་གང་ལེགས་བྱེད་ངེས་ཡིན་ཟེར།


འབྲེལ་ཡོད་འོས་སྦྱོར།