logo

མཚོ་སྔོན་མི་རིགས་སློབ་ཆེན་དུ་བཅུ་བའི་ལྔ་མཆོད་ལ་རོལ་བ།

རྩོམ་པ་པོ།:ཨ་མའི་ལོ་ལོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-21 ཀློག་གྲངས།:


གངས་ཅན་མཁས་པའི་གཙུག་རྒྱན་རྗེ་ཙོང་ཁ་བ་མཆོག

  ལུགས་རྙིང་གི་ཟླ10བའི་ཚེས25ཉིན་ཏེ་རང་ཅག་ཁ་བ་གངས་རིའི་ལྗོངས་སུ་རླབས་ཆེན་གྱི་སྐྱེས་བུ་དམ་པ་གང་སྐུ་བལྟམས་ཤིང་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམས་པའི་དུས་ཆེན་ཉིས་འཛོམས་ཀྱི་ཉིན་མོར། མཚོ་སྔོན་མི་རིགས་སློབ་ཆེན་དུ་གང་ཉིད་ཀྱི་རིག་གནས་སྙིང་སྟོབས་དང་། གསར་གཏོད་ཀྱི་སྙིང་སྟོབས་སོགས་ལ་རྗེས་སུ་ཡི་རང་དང་རིག་གནས་ཀྱི་ཕུང་བོའི་སྲོག་ཏུ་གྱུར་བའི་དུས་ཆེན་མང་པོ་ཞིག་སློབ་ཆེན་པའི་སྡེ་རུ་རོལ།
     དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།
     དྲི་མེད་མཁྱེན་པའི་དབང་བོ་འཇམ་པའི་དབྱངས།།
     བདུད་དཔུང་མ་ལུས་བཅོམས་མཛད་གསང་བའི་བདག །
     གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།
     བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།
  དེ་ཡང་ཤ་དང་རུས་པའི་གདུང་རྒྱུད་གཅིག་ཅིང་། སེམས་དང་བསམ་པའི་དད་སོ་གཅིག་པའི་བོད་རིགས་སློབ་གྲོགས་རྣམ་པ།  ལུགས་རྙིང་གི་ཟླ་བཅུ་བའི་ཚེས་ཉེར་ལྔ་ཉིན་ནི་ཁམས་གསུམ་འགྲོ་བའི་བླ་མ་ཤར་རྒྱལ་བ་ཙོང་ཁ་པ་མཆོག་སངས་རྒྱས་ཀྱི་བཀའ་དང་ལུང་བསྟན་བཞིན་དུ། སྙིགས་མའི་དུས་ཀྱི་གདུལ་བྱ་མང་པོ་ཡང་དག་པའི་རྣམ་གྲོལ་གྱི་ས་ལ་འགོད་སླད། སོར་སྐྱེ་ཕལ་བའི་ཚུལ་གྱིས་གངས་ཅན་ཁ་བའི་ལྗོངས་སུ་ངོ་མཚར་གྱི་ལྟས་དུ་མས་སྤྲུལ་བའི་ཉིན་མོ་ཡིན་ལ། མདོ་སྔགས་གཞུང་ལུགས་ཐམས་ཅད་ལ་མཁས་གྲུབ་ཟུང་གི་མངའ་བརྙེས་ཏེ་སེམས་ཅན་ཐར་བར་བགྲོད་པའི་འོད་གསལ་གྱི་ལམ་ཆེན་བསྟན་རྗེས། གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་ཤིང་།  དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་གཤེགས་པའི་རྣམ་དཀར་དགེ་བཟང་གི་ཉིན་མོ་སྟེ། བཅུ་བའི་ལྔ་མཆོད་དམ་དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་ཀྱང་ཡིན།


མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་མ་རྣམས་གཅིག་ཏུ་འདུས་ནས་བཅུ་བའི་ལྔ་མཆོད་ལ་རོལ་བ།

  ནམ་ཞིག་གང་གི་ཚེ་འདི་ལ། ཐུགས་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱིས་རྒྱུད་སྡེ་དུ་མའི་དཀྱིལ་འཁོར་གྱི་གཙོ་བོ་དང་། བླ་མ་ཐ་མི་དད་པའི་སྒྲུབ་མཆོད་ཀྱིས་མཚོན་པའི་དགོངས་རྫོགས་ཟབ་རྒྱས་སུ་བསྒྲུབས་པ་ལ་བརྟེན་ཏེ། དུས་ཆེན་འདིའི་སྲོལ་དར་བར་མཛད་ཅིང་། དེང་གི་བར་དུ་བགྲང་བྱ600ལྷག་འདས་པའི་ལོ་རྒྱུས་མངའ་འོ།། དེ་ལ། བཟང་བོ་གཉིས་བཀྲའི་རྫོགས་ལྡན་སླར་འཚེར་གྱི་ལྷ་མི་དགྱེས་པའི་ཤིས་སྐར་འདིར། ཐ་མལ་རྒྱུད་ལྡན་གྱི་ང་ཚོས་ཁོང་གི་ལྷག་པའི་བསམ་སྦྱོར་ལ་རྗེས་སུ་ཡི་རང་བྱས་ཏེ། རང་ཉིད་ཀྱི་ཕྱི་ནང་སྤྱོད་པའི་འཇུག་ལྡོག་ལ་མི་རྨོངས་པའི་གོ་བགོས་ཀྱིས་ཤེས་རབ་ཟབ་མོའི་འདུ་བྱེད་ལ་འཇུག་པ་ནི་རྨད་དོ།།


འབྲེལ་ཡོད་འོས་སྦྱོར།