logo

བོད་ཀྱི་རི་མོ་བ་འཇིགས་མེད་ཀྱིས་གེ་སར་སྒྲུང་མངོན་མཚོན་བྱེད་པའི་ཐང་ག་ཞིག་འབྲི་བཞེངས་བྱེད་གྲབས་ཡོད།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-14 ཀློག་གྲངས།:


དགེ་རྒན་འཇིགས་མེད་ལགས་ཀྱིས་ཐང་ག་མཚམས་སྦྱོར་བྱེད་བཞིན་པ།  

  ཟླ11བའི་ཚེས10ཉིན། “བློ་སེམས་གཅིག་མཐུན། 2011ལོའི་དྲ་རྒྱའི་སྨྱན་བྱད་བོད་ཡུལ་དུ་སྐྱོད་པ”ཞེས་པའི་གསར་འགོད་ཚོགས་པ་ཀན་སུའུ་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གླིང་དུ་སླེབས་ནས་སློབ་གྲྭ་དེ་གའི་མཛེས་རྩལ་ཚན་ཁག་གི་གནས་ཚུལ་དག་ལ་རྒྱུན་ལོན་བྱས། ཀན་སུའུ་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གླིང་མཛེས་རྩལ་ཚན་ཁག་གི་ཀྲུའུ་རིན་ནམ་བོད་ཀྱི་རི་མོ་བ་འཇིགས་མེད་ལགས་ཀྱིས་བོད་ཀྱི་གནའ་ཤུལ་གྲགས་ཅན་དང་། འབྲོག་པ་མང་ཚོགས་ཀྱི་འཚོ་བ། གེ་སར་སྒྲུང་། བོད་ཀྱི་གསོ་རིག་སོགས་ཕུན་སུམ་ཚོགས་པོའི་ཐང་གའི་རྒྱུ་ཆ་གསར་བ་དག་མཚམས་སྦྱོར་བྱས།


མཛེས་རྩལ་ཚན་ཁག་གི་དགེ་རྒན་རྣམས་ཀྱི་བརྩམས་ཆོས་ཤིག

  རྒན་འཇིགས་མེད་ལགས་ནི་མཚོ་སྔོན་བོད་ཀྱི་གསོ་རིག་རྟེན་མཛོད་ཁང་དུ་ཡོད་པའི་ཀུན་འདུས་ཞལ་ཐང་ཆེན་མོ་འབྲི་བཞེངས་བྱེད་མཁན་གྱི་ལྷ་རིས་པའི་གྲས་ཀྱི་གཅིག་ཡིན་ཞིང་། ཁོང་གིས་དེའི་ཁྲོད་བོད་ཀྱི་གསོ་རིག་དང་། བཙན་པོ་རིམ་བྱོན་གྱི་ལོ་རྒྱུས། བོད་ཁུལ་གྱི་གནའ་ཤུལ་གྲགས་ཅན། བོད་དམངས་ཀྱི་འཚོ་བ་སོགས་སྲོལ་རྒྱུན་གྱི་ཐང་གའི་རྒྱུ་ཆ་ལས་འདའ་བའི་བརྗོད་བྱ་གཞིར་བཟུང་ནས་སྨི22ལྷག་བཞེངས་སྐྲུན་བྱས། དེར་མ་ཟད་ཁོང་གིས་གླིང་གེ་སར་རྒྱལ་པོའི་སྒྲུང་དང་བོད་ཀྱི་གསོ་རིག་རྒྱུ་ཆར་བྱས་ཏེ་སྨི་བརྒྱ་ལྷག་གི་ཐང་ག་ཞིག་བཞེངས་སྐྲུན་བྱེད་རྒྱུའི་འཆར་གཞི་ཡོད་ཅེས་བཤད་པ་རེད།
  མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་དམིགས་ནས་ཀན་སུའུ་ཞིང་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་མི་རིགས་རིག་གནས་བཟོ་རྩལ་གྱི་ཆེད་ལས་ཤིག་བགར་ཏེ་མི་རིགས་སྒྱུ་རྩལ་དང་བོད་ཀྱི་མཛེས་རིས་ཐད་ཀྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིང་བྱེད་བཞིན་ཡོད་ལ། ཐང་གའི་བསླབ་ཚན་ནི་ནི་མི་རིགས་བཟོ་རྩལ་ཆེད་ལས་ཀྱི་ཁ་ཕྱོགས་རང་བཞིན་གྱི་བསླབ་ཚན་ཞིག་ཡིན་ཞིང་། ཆེད་ལས་འདི་སྦྱོང་བའི་སློབ་མ་རྣམས་ཀྱིས་སློབ་ཡུན60སྦྱངས་ཚར་རྗེས་ཕལ་ཆེར་རང་རྐྱ་ཐུབ་པའི་ངང་ཐང་ག་བཞེངས་སྐྲུན་བྱེད་ཐུབ་པ་རེད།
  རྒན་འཇིགས་མེད་ལགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་སློབ་གྲྭ་འདིས་བཟོ་རྩལ་དངོས་སྦྱོང་ཐོག་ཁང་ཞིག་འཛུགས་སྐྲུན་བྱས་ཏེ་རྫ་བཟོ་དང་། བཟོ་བཀོད། འཇིམ་བཟོ། མི་རིགས་དམངས་ཁྲོད་མཛེས་རིས། གཙགས་དྲུབས། འབག ཐང་ག་སོགས་བརྗོད་བྱར་བྱས་པའི་བསླབ་ཚན་བཙུགས་ནས་མི་རིགས་བཟོ་རྩལ་རྒྱུན་འཛིན་དང་དར་སྤེལ་བྱེད་རྒྱུ་ཡིན་ཞེས་བརྗོད་པ་རེད།


འབྲེལ་ཡོད་འོས་སྦྱོར།