logo

མཚོ་སྔོན་མི་རིགས་སློབ་ཆེན་དུ་བོད་སྐད་གློག་བརྙན་ཐད་ཀྱི་འཆད་འཁྲིད་ཚོགས་པ།

རྩོམ་པ་པོ།:མཁའ་བྱམས་རྒྱལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-13 ཀློག་གྲངས།:


འཆད་འཁྲིད་སྤེལ་བའི་པར་རིས།

   ཉེ་ཆར་མཚོ་སྔོན་མི་རིགས་སློབ་ཆེན་དུ་ཨ་མའི་ལོ་ལོ་གློག་བརྙན་མོས་མཐུན་ཚོགས་པས་བཀོད་སྒྲིག་འོག་མཚོ་སྔོན་བརྙན་འཕྲིན་ཁང་གི་བརྙན་འཁྲིད་པ་བསེ་རིན་ཆེན་ཚེ་རིང་ལགས་གདན་འདྲེན་ཞུས་ཏེ་བོད་སྐད་གློག་བརྙན་གྱི་ད་ལྟའི་གནས་བབས་དང་མ་འོངས་འཕེལ་ཕྱོགས་སྐོར་ནས་འཆད་འཁྲིད་གཟབ་རྒྱས་གནང་། དེའི་སྟེང་དུ་བོད་རིག་པའི་སློབ་གླིང་དང་སྒྱུ་རྩལ་སྡེ་ཁག ཁྲིམས་ལུགས་སྡེ་ཁག རྩིས་རིག་སྡེ་ཁག་སོགས་ཀྱི་སློབ་མ300ལྷག་ཞུགས་ཤིང་།  འཆད་འཁྲིད་ཀྱི་རྗེས་སུ་བོད་སྐད་གློག་བརྙན་གྱི་ད་ལྟའི་གནས་བབས་དང་མ་འོངས་འཕེལ་ཕྱོགས་སྐོར་ལ་བགྲོ་གླེང་བྱས་པ་རེད།


བསེ་རིན་ཆེན་ཚེ་རིང་ལགས་ཀྱིས་འཆད་འཁྲིད་གནང་བཞིན་པ།

འཆད་འཁྲིད་ལ་ཞུགས་པའི་སློབ་མ་རྣམས།


འབྲེལ་ཡོད་འོས་སྦྱོར།