logo

པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་ཆེན་གྱི་བོད་རིགས་སློབ་མས་བོད་ཀྱི་རིག་གནས་དུས་ཆེན་སྐབས་དང་པོ་སྤེལ་བ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-07 ཀློག་གྲངས།:


ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་ཐོན་རྫས་འགྲེམ་སྟོན་བྱེད་པ།

  ཟླ11པའི་ཚེས5ཉིན། པེ་ཅིང་མཁའ་འགྲུལ་མཁའ་སྐྱོད་སློབ་གྲྭ་ཆེན་མོའི་བོད་རིགས་སློབ་མ་རྣམས་ཀྱིས་གཙོ་གཉེར་བྱས་པའི་བོད་ཀྱི་རིག་གནས་དུས་ཆེན་སྐབས་དང་པོ་སློབ་གྲྭ་དེ་རུ་སྤེལ། སྐབས་འདིའི་བོད་ཀྱི་རིག་གནས་དུས་ཆེན་སྟེང་གཙོ་བོ་ཁྱད་ལྡན་ཟས་རིགས་གསོལ་བ་དང་། འགྲེམ་པང་སྟེང་དངོས་མང་འགྲེམ་སྟོན་བྱེད་པ། བོད་རིགས་སློབ་མས་བོད་ཀྱི་རིག་གནས་མཚམས་སྦྱོར་བྱེད་པ། སྐོར་བྲོ་འཁྲབ་པ། བོད་ཀྱི་ཞབས་བྲོ་འཁྲབ་སྟོན་བྱེད་པ་སོགས་རྣམ་པ་དུ་མ་བརྒྱུད་ནས་གཞན་མི་རིགས་ཀྱི་སློབ་མ་རྣམས་བོད་ཀྱི་རིག་གནས་ཁྱབ་སྒྲོག་བྱེད་པའི་བྱ་འགུལ་ཁྲོད་ཞུགས་སུ་བཅུག་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་ལུགས་དག་ལ་རྒྱུས་ལོན་བྱས།


བོད་ཀྱི་རིག་གནས་ཤེས་བྱ་དག་མཚམས་སྦྱོར་བྱེད་བཞིན་པ།

  བྱ་འགུལ་འདིའི་འགན་ཁུར་བ་སྐར་མ་དངོས་གྲུབ་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན་སྐབས་འདིའི་བོད་ཀྱི་རིག་གནས་དུས་ཆེན་ཚོགས་པར་སློབ་གྲྭ་དེ་གའི་སློབ་མ51ལྷག་གིས་སློབ་གྲྭའི་རྒྱབ་སྐྱོར་འོག་ཟླ་གཅིག་གི་རིང་དུ་རྩ་འཛུགས་དང་ཇུས་འགོད་ལེགས་པོ་བྱས་ཏེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ཁུལ་དང་། བོད་ཀྱི་རིག་གནས་དང་དེང་རབས་ཚན་རྩལ་ཁུལ། མི་རིགས་ཀྱི་ཕུལ་བྱུང་མི་སྣའི་ཁུལ། བོད་ཀྱི་རིག་གནས་སྒྱུ་རྩལ་ཁུལ། བོད་རིགས་སློབ་མས་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་བྱེད་ཐབས་ཁུལ། ཕན་ཚུན་བརྗེ་རེས་ཁུལ་བཅས་རིགས་དྲུག་ཏུ་ཕྱེས་ནས་བོད་ཀྱི་འགྲེམ་སྟོན་བྱེད་བཞིན་ཡོད་པ་རེད།


སྐོར་བྲོ་འཁྲབ་སྟོན་བྱེད་བཞིན་པ།


འབྲེལ་ཡོད་འོས་སྦྱོར།