དཔའ་རིས་བོད་རིགས་དམངས་གླུ་ཉིང་བསྡུས་དང་འབྲེལ་ཡོད་འོད་སྡེར་འགྲེམ་སྤེལ་བྱས་པ།
འགྲེམ་སྤེལ་ཡུལ་དངོས།
ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་གྱི་འབྲེལ་ཡོད་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བའི་དགོངས་དོན་དངོས་འབེབས་དང་། གཟུགས་འདས་ཤུག་བཞག་རིག་གནས་སྔོག་འདོན་དང་སྲུང་སྐྱོབ། རྒྱ་ཆེ་བའི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མང་ཚོགས་ལ་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་འདུ་ཤེས་སྐུལ་སློང་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱ་བ་སྐས་རིམ་གསར་བ་ཞིག་ཏུ་འཕར་བར། དཔའ་རིས་རྫོང་གིས་ཉེ་ལམ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི《དཔའ་རིས་བོད་རིགས་དམངས་གླུ་ཉིང་བསྡུས》《རང་བྱུང་དམངས་གླུའི་འོད་སྡེར》འགྲེམ་སྤེལ་གྱི་མཛད་སྒོ་སྤེལ་ཞིང་། འབྲེལ་ཡོད་འགོ་ཁྲིད་དང་ཆེད་ལས་མཁས་པ་སོགས་ཐེངས་འདིའི་མཛད་སྒོ་ལ་ཞུགས་པ་རེད།
ཆེད་དོན་གཏམ་བཤད་གནང་བ།
གཏམ་བཤད་གནང་བ།
ཐོག་མར་བཀྲམ་པའི་བོད་རྒྱ་སྐད་གཉིས་ཀྱི《དཔའ་རིས་བོད་རིགས་དམངས་གླུ་ཉིང་བསྡུས་འདེམས་བསྒྲིགས》ནང་དཔའ་རིས་བོད་རིགས་དམངས་གླུ་སྟེ་བག་གཞས་དང་། གཡང་འབོད། བསྟོད་གླུ། གླུ་ཤགས། དྲིན་གླུ། རྩེ་རིག བྱིས་གླུ། བཀྲ་ཤིས་བའི་གླུ་སོགས་སྣ20ལྷག་ལས་ཚབ་མཚོན་གྱི་གླུ་གཞས200ལྷག་འདུས་ཤིང་། འབྲེལ་ཡོད་ཆེད་མཁས་གདན་འདྲེན་ཞུས་ཏེ་དཔའ་རིས་ས་ཁུལ་དུ་ཁྱབ་བརྡལ་དུ་སོང་བའི་གནའི་སྒྲ་གདངས་དང་ཚིག་སོགས་ལ་ཁ་གསབ་དང་། གཞས་གདངས་ཀྱི་ལེན་སྟངས་འདི་རིགས་ཟིན་བྲིས་སུ་བཏབ་སྟེ་སྤྱི་ཁྱབ་དུ་བཀྲམ།
ཆེད་ལས་མཁས་པ་དང་དཔའ་རིས་བོད་རིགས་དམངས་གླུ་རྒྱུན་འཛིན་སྒྱུ་རྩལ་པ་རྣམས་བསམ་བློ་བརྗེ་རེས་བྱེད་པ།
འདི་འགྲེམ་སྤེལ་བྱས་པ་ལས་དཔའ་རིས་བོད་རིགས་དམངས་གླུ་ལ་དེང་རབས་ཚན་རིག་སྒོས་ཟིན་བྲིས་འགོད་པར་ཁ་གསབ་བྱས་ཤིང་། 《རང་བྱུང་དམངས་གླུའི་འོད་སྡེར》ཞེས་པ་འདི་རོགས་འདེགས་རང་བཞིན་གྱི་བསླབ་གཞི་ཞིག་ཡིན་ཏེ་ས་གནས་འདིའི་དམངས་ཁྲོད་སྒྱུ་རྩལ་པའི་རང་བྱུང་གཞས་གདངས་གྲངས་ཅན་གྱི་ཐབས་ལ་རྟེན་ནས་སྲུང་སྐྱོབ་ཉར་ཚགས་བྱས། དེའི་མཚུངས་སུ《དཔའ་རིས་ལ་གཞས》ནང་དཔའ་རིས་ས་ཁུལ་གྱི་སྲོལ་རྒྱུན་མཛའ་གཞས1000ལྷག་འདུས་པ་དང་། ད་སྔ་གསོག་ཉར་བྱས་པའི་ལ་གཞས་ཆེས་ཆ་ཚང་བའི་ཀློག་དེབ་ཅིག་ཡིན། གོང་གསལ་འདི་དག་ལས་དཔའ་རིས་རྫོང་གི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་ལས་གཞི་སྟེ་དཔའ་རིས་བོད་རིགས་དམངས་གླུ་སྲུང་སྐྱོབ་སྔོག་འདོན་བྱ་བར་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་བླངས་པ་རེད།