logo

རྐང་ཚ་རྫོང་ནི་མཚོ་བསྐོར་ས་ཁུལ་གྱི་བོད་སྲོལ་གནས་སྐོར་གྲོང་རྡལ་དུ་འཛུགས་འཆར་ཡོད་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2011-11-03 ཀློག་གྲངས།:

         ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་གྱི་སྤྱིའི་འཆར་འགོད་ནང་བཏོན་པའི་རྐང་ཚ་རྫོང་ནི་མཚོ་སྔོན་གྱི་བོད་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་གྲོང་རྡལ་ཏེ“མཚོ་སྔོན་པོའི་བོད་མཁར”དུ་གསར་འཛུགས་བྱེད་པའི་གོ་སྐབས་འདི་བེད་སྤྱད་དེ། ཧུར་བརྩོན་གྱིས་མངའ་ཁོངས་ནང་ཁུལ་གྱི་ཁྱད་དུ་འཕགས་པའི་སྐྱེ་ཁམས་དང་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ནས་འཛུགས་སྐྲུན་ལ་ཤུགས་བསྣན་པས། མཛེས་སྡུག་ཁྱད་དུ་འཕགས་པ་དང་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བ། མཐོ་སྒང་གི་ཡུལ་སྲོལ་གཅིག་བསྡུས་ཀྱིས་མཚོན་པར་བྱེད་པའི་བོད་རིགས་རིག་གནས་ཡུལ་སྲོལ་ཁྱད་ལྡན་གྲོང་རྡལ་ཆུང་བའི་རྣམ་པ་ཐོག་མར་ཆགས་ཡོད།
         མིག་སྔར། “གསེར་ཉའི་གཞིས་ཁྱིམ”གཙོ་ཡིན་པའི་འོམ་ཆུ་གནས་སྐོར་མཛེས་ལྗོངས་ཁུལ་དང་རྫོང་མཁར་བསྒྱུར་བཅོས་སོགས་ཀྱི་ལས་གཞི་ཕལ་ཆེར་ལེགས་འགྲུབ་བྱས་ཡོད་ལ། རྫོང་མཁར་གྱི་བོད་སྲོལ་ཁྱད་ཆོས་ཉིན་བཞིན་ཇེ་གསལ་དུ་འགྲོ་བཞིན་ཡོད། འབྲེལ་ཡོད་ལས་རིགས་མི་སྣའི་ཚོད་དཔག་བྱས་པ་ལྟར་ན། མ་འོངས་བའི་མཚོ་སྔོན་པོའི་བོད་མཁར་ལ་གསར་སྤེལ་གྱི་སྦས་ཤུགས་དང་། གནས་སྐོར་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་ལྡན་པ་རེད།


འབྲེལ་ཡོད་འོས་སྦྱོར།