གློག་བརྙན་གནས་སྐོར་ཞེས་པ་སྟོན་ཐེངས་དང་པོའི་མཛད་སྒོ་པོ་ཏ་ལའི་ཐང་ཆེན་དུ་ཟབ་རྒྱས་ངང་འཚོགས་པ།
རྩོམ་པ་པོ།:མིག་ཚེ།
ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན།
དུས་ཚོད།:2011-11-03
ཀློག་གྲངས།:

གློག་བརྙན་གནས་སྐོར་ཞེས་པ་སྟོན་ཐེངས་དང་པོའི་མཛད་སྒོ་པོ་ཏ་ལའི་ཐང་ཆེན་དུ་ཟབ་རྒྱས་ངང་ཚོགས་པ།
ཟླ11པའི་ཚེས2ཉིན་གྱི་དགོང་མོ། ལང་ཚོའི་ཡུལ་སྐོར་གྱིས་གཙོ་སྒྲུབ་བྱས་པའི་འགྲུལ་ལམ་ཀྱི་གནས་ཚུལ་བཀོད་པའི་གློག་བརྙན་གནས་སྐོར་ཞེས་པ་སྟོན་ཐེངས་དང་པོའི་མཛད་སྒོ་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཟབ་རྒྱས་ངང་ཚོགས་ཤིང༌། སྤྱི་ཟླ11པའི་ཚེས3ཉིན་དངོས་སུ་རྒྱལ་ཡོངས་ཁྱོན་དུ་སྟོན་རྒྱུ་རེད།

གཞས་པ་ཀྲེན་ཅུན་གྱིས་དགོས་ཚོགས་ཐོག་ལྷ་སར་ལོག་པ་ཞེས་པའི་གཞས་བཏང་པ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། མཇུག་སྒྲིལ་མ་ཐག་པའི་སྐབས24པའི་ཐོ་ཁེའུ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ཐོག་གནས་སྐོར་ཞེས་པའི་གློག་བརྙན་པར་གཞིར་ཕུལ་བྱུང་གི་སྒྱུ་རྩལ་མཛད་རྗེས་བྱ་དགའ་ཐོབ་པ་རེད།
འབྲེལ་ཡོད་འོས་སྦྱོར།
