logo

ན་གོར་མོ་ཐང་ལྷ་གྲོང་རྡལ་གྱིས་བུད་མེད་ལག་བཟོའི་སྒྱུ་རྩལ་འགྲན་ཚོགས་སྤེལ་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-03 ཀློག་གྲངས།:


ན་གོར་མོ་ཐང་ལྷ་གྲོང་རྡལ་བུད་མེད་ལག་བཟོའི་སྒྱུ་རྩལ་འགྲན་ཚོགས་ཡུལ་དངོས།

         ཉེ་ལམ།  བོད་རིགས་བུད་མེད་རྣམས་རང་འགུལ་གྱིས་ཚོང་རའི་འགྲན་རྩོད་དུ་ཞུགས་པ་དང་།  བུད་མེད་ལག་ཤེས་བཟོ་ལས་ཐོན་རྫས་མཚན་བྱང་གསར་གཏོད།  བུད་མེད་ལས་རིགས་གསར་གཏོད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་སོགས་བྱེད་པར།   ཐང་ལྷ་གྲོང་རྡལ་གྱིས་བུད་མེད་ལག་བཟོའི་སྒྱུ་རྩལ་འགྲན་ཚོགས་ཤིག་སྤེལ་པ་རེད།


བོད་རིགས་བུད་མེད་ཀྱི་ལག་བཟོའི་སྒྱུ་རྩལ་ཐོན་རྫས།

         ཐེངས་འདིའི་འགྲན་ཚོགས་ལ་ནང་དོན་སྣ་མང་ལྡན་ཏེ་ཕྲེང་བརྒྱུས་དང་གཙགས་དྲུབ་ཐོན་རྫས་སོགས་སྣ6འདུས་ཤིང་། ཐོན་རྫས་འདི་དག་གི་བཟོ་དབྱིབས་བཀོད་པ་ལེགས་ལ།  མི་རིགས་ཀྱི་ཁྱད་ཆོས་དོད་པོ་ལྡན། འདི་ལྟ་བུའི་སྒྱུ་རྩལ་ཐོན་རྫས་ཀྱིས་སྲོལ་རྒྱུན་རིག་གནས་ཁྱབ་སྤེལ་དང་དམངས་ཁྲོད་སྒྱུ་རྩལ་གྱི་མཛེས་པ་ཕྱིར་ངོམ་པ་མ་ཟད་ཅུང་ཤུགས་ཆེ་བའི་དུས་རབས་ཀྱི་ཁྱད་ཆོས་ལྡན།  འདིས་ཐང་ལྷ་གྲོང་རྡལ་གྱི་བུད་མེད་ལས་བཟོ་བའི་ཕུན་སུམ་ཚོགས་པའི་ལག་བཟོའི་སྒྱུ་རྩལ་དང་ནམ་ཡང་ཞུམ་པ་མེད་པའི་བློ་སྤོབས་མཚོན་གྱི་ཡོད།  
         ཐེངས་འདིའི་འགྲན་བསྡུར་བྱ་འགུལ་གྱིས་གྲོང་རྡལ་ཡོངས་ཀྱི་བུད་མེད་ལས་བཟོ་བ་རྣམས་ལ་ལག་ཤེས་བཟོ་ལས་ཐོན་བསྐྱེད་བྱེད་པར་ལག་རྩལ་འབྲེལ་འདྲིས་ཀྱི་སྟེགས་བུ་ཞིག་བསྐྲུན་པ་དང་།  ཁོ་མོ་ཚོར“གཞིས་ར་མེད་པའི་བཟོ་གྲྭ”འཕེལ་རྒྱས་གཏོང་བ་དང་ལག་ཤེས་བཟོ་རྩལ་ལ་རྟེན་ནས་ཡོང་སྒོ་བསྐྲུན་ཏེ་ཕྱུག་འགྱུར་གཏོང་བར་སྔོན་སྐུལ་བྱས་པ་རེད། 


འབྲེལ་ཡོད་འོས་སྦྱོར།