logo

བོད་གཞས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་རྨ་ལྷོ་ཁུལ་དུ་འཚོགས་འཆར་ཡོད་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-01 ཀློག་གྲངས།:

         ཟླ11པའི་ཚེས5ཉིན། གངས་སྒྲ་བརྙན་རིག་གནས་བྱ་བའི་གཞུང་ལས་ཁང་གིས་གཙོ་སྒྲུབ་གནང་བའི་བོད་གཞས་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དུ་སྤེལ་རྒྱུ་ཡིན་ཞིང་།  བོད་ཀྱི་མིང་གྲགས་སྒྱུ་རྩལ་པ་སྨན་བླ་སྐྱབས་དང་།  དབྱངས་རྩོམ་མཁན་རྒྱ་བྷེ། ཚེ་རིང་པ་སངས། ཚིག་རྩོམ་མཁན་འབྲུག་ལྷ་རྒྱལ།  སྒྲ་བརྙན་པ་ཨ་ཏི།  ཁོ་བསྟན། རྡུང་ལེན་པ་དཔལ་མགོན། བདུད་བྷེ། གླུ་བ་སྒྲོལ་མ་སྐྱབས། སྒྲོལ་བྷེ་སོགས་གདན་དྲངས་ཏེ་ཐེངས་འདིའི་བགྲོ་གླེང་ཚོགས་འདུ་ལ་ཞུགས་རྒྱུ་ཡིན་པ་རེད། 


འབྲེལ་ཡོད་འོས་སྦྱོར།