logo

སྨིན་གྲོལ་གླིང་གི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭའི་འགོ་ཚུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-27 ཀློག་གྲངས།:


བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭ་འགོ་ཚུགས་པའི་མཛད་སྒོ་བསྡུ་བ།

  ཟླ10བའི་ཚེས25ཉིན། བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”གཙོ་གནད་རིག་དངོས་སྲུང་སྐྱོབ་ལས་གྲྭ་སྟེ་སྨིན་གྲོལ་གླིང་གི་ཉམས་གསོ་ལས་གྲྭ་འགོ་ཚུགས་པའི་མཛད་སྒོ་བསྡུས། རྒྱལ་ཁབ་ཀྱི་རིག་དངོས་ཅུའུ་དང་བོད་ལྗོངས་ཀྱི་འབྲེལ་ཡོད་འགོ་ཁྲིད་རྣམས་དགོན་པ་དེ་གའི་དགའ་ལྡན་ཕོ་བྲང་གླིང་དུ་ཉམས་གསོ་ལས་གྲྭའི་རྨང་འདིང་པའི་མཛད་སྒོར་ཞུགས་ཤིང་། འདིས་བོད་ལྗོངས་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི”རིག་དངོས་གཙོ་བོ་སྲུང་སྐྱོབ་བྱེད་པའི་ལས་གྲྭའི་འགོ་བཙུགས་པ་མཚོན་ཐུབ།
  སྨིན་གྲོལ་གླིང་ནི་ལྷོ་ཁ་གྲ་ནང་རྫོང་ཁོངས་སུ་གནས་པའི་བོད་བརྒྱུད་ནང་བསྟན་གྱི་ལྷོ་བརྒྱུད་རྙིང་མའི་དགོན་སྡེ་ཆེ་བ་རྡོ་གླིང་དཔལ་གསུམ་གྱི་ཡ་གྱལ་ཞིག་ཡིན་ཞིང་། དགོན་སྡེ་འདི་དུས་རབས་བཅུ་བའི་ནང་དུ་བཞེངས་འགོ་བརྩམས་པ་དང་། ཕྱིས་སུ་རིམ་གྱིས་རྒྱ་བསྐྱེད་ནས་དུས་རབས་བཅུ་བདུན་པར་ཡོངས་སུ་ལེགས་འགྲུབ་བྱུང་། སྨིན་གྲོལ་གླིང་ནི་བོད་ལྗོངས་སུ་གསོ་བ་རིག་པ་དང་། སྐར་རྩིས། སྒྲ་སོགས་ཀྱི་བསླབ་བྱ་དུ་མ་གཅིག་ཏུ་འདུས་པའི་སློབ་གྲྭའི་རང་བཞིན་གྱི་དགོན་སྡེ་ཞིག་ཡིན་ལ། དགོན་སྡེ་འདི་ཉིད་བགྲང་བྱ་སྟོང་ཕྲག་ལྷག་བརྒྱུད་ནས་གཙུག་ལག་ཁང་དང་སྔགས་ཁང་སོགས་གནའ་བོའི་བཟོ་སྐྲུན་དང་། དེ་མིན་ལྷ་སྐུ་དང་། ཆོས་ཀྱི་ཡོ་བྱད། ལྡེབས་རིས་སོགས་ལོ་རྒྱུས་ཀྱི་རྟེན་རྫས་མང་པོ་ཞིག་མཆིས་ཤིང་། དེ་དག་གིས་ལྷོ་ཁ་དང་བོད་ལྗོངས་ཀྱི་སྲིད་འབྱོར་རིག་གསུམ་དང་། སྤྱི་ཚོགས། ཆོས་ལུགས། དམངས་སྲོལ་སོགས་ལ་ཞིབ་འཇུག་བྱེད་པར་དོན་སྙིང་ཆེན་པོ་ལྡན།


ལོ་མང་བོར་ཞིག་གསོ་མ་བྱས་པའི་ལྷ་སྐུ་དག

  མཛད་སྒོ་ལ་ཞུགས་པའི་ཡུལ་དེའི་ཞིང་པ་ཞིག་གིས་ཐེངས་འདིའི་རྒྱལ་ཁབ་རིག་དངོས་ཅུའི་སྣེ་སྟོན་འོག་ཉམས་གསོ་བྱེད་པའི་སྨིན་གྲོལ་གླིང་བླ་བྲང་དང་རྣམ་རྒྱལ་གླིང་ཕོ་བྲང་སོགས་ནི་ཕ་མེས་ཡང་མེས་རྣམས་ཀྱི་ང་ཚོར་གནང་བའི་རིན་ཐང་བྲལ་བའི་རྟེན་རྫས་ཤིག་ཡིན་ལ། རྒྱལ་ཁབ་ཀྱིས་མི་ཤུགས་དང་རྒྱུ་ཤུགས་གང་ཡོད་བཏོན་ནས་རིག་གནས་ཀྱི་གནའ་ཤུལ་འདི་དག་ཞིག་གསོ་བྱེད་པར་ང་ཚོ་དགའ་སྤྲོ་ཆེན་པོ་སྐྱེས་པ་དང་། བཟོ་སྐྲུན་འདི་བརྒྱུད་ནས་ང་ཚོས་དགོན་པ་ཞིག་གསོ་བྱེད་ཐུབ་པས་བྱིན་རླབས་ཆེན་པོ་ཐོབ་པ་མ་ཟད། ང་ཚོའི་དཔལ་འབྱོར་གྱི་ཡོང་སྒོ་ཡང་ཇེ་མང་དུ་སོང་ཞེས་བཤད་པ་རེད།


འབྲེལ་ཡོད་འོས་སྦྱོར།