logo

ཨེ་མ་ཧོའི་རིག་མཛོད་ཁང་མཚམས་སྦྱོར་མདོར་བསྡུས།

རྩོམ་པ་པོ།:འོད་གསལ་མཐའ་ཡས། ཡོང་ཁུངས།:ཚངས་དབྱངས་དྲ་ཚིགས། དུས་ཚོད།:2011-10-23 ཀློག་གྲངས།:


ཨེ་མ་ཧོའི་རིག་མཛོད་ཁང་།

         ཨེ་མ་ཧོའི་བོད་རྒྱལ་སྤྱིའི་དཔེ་མཛོད་ཁང་འདི་ནི། སྒ་སྟོད་ཇོ་བོ་ཞལ་དཀར་གྱི་མདུན་ཞོལ་གསེར་གཤིས་ཁོག་ཏུ་བཞེངས་ཡོད་ཅིང་། མཁན་ཆེན་བླ་མ་དམ་པ་དཔལ་དགྱེས་པ་རྡོ་རྗེས་ཡུན་རིང་ཐུགས་ལ་བརྣགས་པའི་གལ་ཆེའི་དགོངས་གཞི་ཞིག་ཡིན་པ་དང་།  དེ་ཡང་བོད་རང་གི་རིག་གཞུང་རིས་མེད་ཀྱི་ཞིབ་འཇུག་བྱེད་སའི་ལྟེ་གནས་ངོ་མ་དང༌། ཨེ་ཝྃ་ཆོས་སྨན་གླིང་གི་ཆ་ཤས་ཡིན་ལ། རིས་སུ་མ་ཆད་པའི་བགྲོ་གླེང་གི་གླེང་སྟེགས་ཞིག་ཀྱང་ཡིན། 


ཨེ་མ་ཧོའི་རིག་མཛོད་ཁང་། 

         ཁྱད་པར་དུ་རྫ་སྟོད་གྲོང་གི་དགོན་སྡེའི་མི་དམངས་ཀྱི་ཆེད་དུ་གཟའ་སྤེན་པ་དང་ཉི་མའི་དུས་སྐབས་དང་བསྟུན་ནས་དཔེ་ཀློག་ཀུན་ལ་རིན་མེད་དང་། རང་དབང་གང་འདོད་དང་། ཁམས་སངས་པའི་དཔེ་ཀློག་གནང་བའི་བཞུགས་གནས་ཀྱང་གང་བདེ་ཡོད། དུས་ཐུན་གྱི་ཚད་དང་ལྡན་པའི་སྟབས་བདེའི་གསོལ་ཇ་ནི། སྨན་ཇ་དང་། ཇ་ནག  མངར་ཇ། འོ་ཇ། ཚྭ་ཇ། རྩམ་ཇ། ཇ་ཐང་། རྒྱ་ཇ། དྭངས་གཙང་གི་ཆུ་ཚ་གྲང་། འོ་ཞོ་དང་། ཤ་མེད་ཀྱི་འཐེན་ཐུག་སོགས་གང་དགོས་དང་། བྱེ་ཐུད་སྣ་ཚོགས་དང་། བོད་ཐུད་ཚོ་པོ། གྲོ་འབྲས་སྲན་ཐུད། ཤིང་ཏོག་འདྲ་མིན་རིགས་ཀྱི་ཞིམ་པོའི་བཟའ་བཅའ་སྣ་ཚོགས་པ་རིན་བདེའི་མངགས་གཏོང་བྱས་ནས་ཉོ་ཆོག་གོ 
         འདིར་ཆོས་མཐུན་གྱི་གློག་བརྙན་དང་། གློག་འཕྲིན་ཁང་ཡང་ཡོད། སྔ་དྲོ་ཆུ་ཚོད་དགུ་ནས་ཕྱི་དྲོ་ཆུ་ཚོད་དགུ་བར་དུས་ཚོད་བཅུ་གཉིས་རིང་ཡིན་པ་དང་། དེ་མིན་ཐག་རིང་གི་མགྲོན་པོ་ལ་མགྲོན་ཁང་ཀྱང་ཉེ་སར་ཡོད། འདིར་གཙོ་བོ་བོད་ཀྱི་སྐད་ཡིག་ཟབ་སྦྱོང་དང་། ཨེ་ཝྃ་རིག་པའི་མེ་ལོང་གི་ལོ་དེབ། བོད་སྤྱི་ཁྱབ་ཀྱི་རིག་གཞུང་ཁག་དང་འབྲེལ་ཡོད་ཤེས་བྱའི་ཡིག་ཆ་གལ་ཆེའི་རིགས་མཁོ་སྒྲུབ་ཀྱིས་ཉར་ཚགས་དང་ཞིབ་འཇུག   དཔར་སྐྲུན་སོགས་ཀྱི་ལས་དོན་ཐམས་ཅད་ལ་འབད་བརྩོན་རྒྱ་ཆེན་བསྒྲུབ་ཀྱིན་ཡོད་པ་ཡིན།


འབྲེལ་ཡོད་འོས་སྦྱོར།