logo

གཙང་གསུམ་འབྱུང་ཡུལ་གྱི་རྩྭ་ཐང་དོ་དམ་བྱེད་མཁན་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ།

རྩོམ་པ་པོ།:བསོད་ནམས་ལྷ་མོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-10-14 ཀློག་གྲངས།:

         ཉེ་ལམ། གཙང་གསུམ་འབྱུང་ཡུལ་རྩྭ་ཐང་དོ་དམ་བྱེད་མཁན་གྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ཤིང་། གཙང་གསུམ་འབྱུང་ཡུལ་རྩྭ་ཐང་དོ་དམ་བྱེད་མཁན་གྱི་གསོ་སྦྱོང་འཛིན་གྲྭ་སྐོར་དང་པོར་ཞུགས་པའི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འབྲོག་པ་བྱམས་པས་བཤད་རྒྱུར། ང་ཚོས་གསོ་སྦྱོང་བརྒྱུད་ནས་རྩྭ་སའི་བཅའ་ཁྲིམས་ཤེས་པར་མ་ཟད། རྩྭ་ཐང་གི་གནོད་འབུ་དང་བྱི་ལོང་སོགས་ཀྱི་གནོད་འཚེ་འགོག་པའི་ཤེས་བྱའང་ཤེས་སོང་ཟེར།
         ཐེངས་འདིའི་གསོ་སྦྱོང་འཛིན་གྲྭར་སློབ་མ100ཡོད་པ་དང་། ཁོ་ཚོ་ནི་གསར་ཆེན་རྫོང་དང་ཁྲི་ཀ་རྫོང་སོགས་རྫོང་དགུ་ནས་ཡོང་བ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་མཇུག་རྫོགས་རྗེས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཉིས་ཀྱི་མི100ལ་གསོ་སྦྱོང་བྱེད་རྒྱུ་རེད།
         མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ལས་རིགས་ལག་རྩལ་སློབ་གླིང་གི་འགན་འཁུར་བས་མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་བྱ་བ་ལེགས་པོར་བསྒྲུབ་ཆེད། ཁོ་ཚོའི་སློབ་གླིང་གི་དགེ་རྒན་འབུམ་རམས་པ་དང་རབ་འབྱམས་པ་བདུན་མངགས་ནས་སློབ་ཁྲིད་བྱེད་དུ་བཅུག་པ་དང་། ཁོ་ཚོར་རྒྱུན་ལྡན་གྱི་གསོ་སྦྱོང་སློབ་ཁྲིད་ལས་གཞན་ད་དུང་མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་དང་རྩྭ་ཐང་གི་གནས་སྐོར་ས་ཁུལ། མདའ་བཞི་གྲོང་བརྡལ་གྱི་རྩྭའི་ཐོན་ལས་ས་ཁུལ་སོགས་སུ་ཁྲིད་ནས་རྩྭ་ཐང་གི་མེ་སྐྱོན་འགོག་པའི་སྦྱོང་བརྡར་བྱས། དེ་དང་ཆབའ་ཅིག་ཏུ་རྩྭ་ཐང་ཆེད་ལས་འཛིན་གྲྭའི་སློབ་མ་བཅུ་མངགས་ནས་ཁོ་ཚོར་ལོ་ཙཱ་དང་འགྲེལ་བཤད། འཚོ་བའི་རོགས་རམ་སོགས་བྱེད་དུ་བཅུག་པ་རེད་ཟེར།


འབྲེལ་ཡོད་འོས་སྦྱོར།