མཚོ་སྔོན་པོ་འགྲམ་དུ་འཛམ་གླིང་ལོ་རྒྱུས་སྙན་ངག་གི་བརྗོད་གཞི་སྣང་བརྙན12གསར་བཟོ་བྱ་འཆར་ཡོད་པ།
མཚོ་སྔོན་པོ་མཛེས་ལྗོངས་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2011ལོའི་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ལ་བསུ་མ་བྱེད་པ་དང་། མཚོ་སྔོན་པོའི་གནས་སྐོར་རིག་གནས་ཀྱི་ནང་དོན་་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། མཚོ་སྔོན་པོ་མཛེས་ལྗོངས་ས་ཁུལ་གྱིས་ད་ལོར་མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་རྩིག་ལྡེབས་ཀྱི་དུས་སྐབས་གཉིས་པའི་བཟོ་འགོད་དང“རྒྱལ་སྤྱིའི་སྙན་ངག་གི་ལྕགས་རི”ལས་གཞི་འཛུགས་སྐྲུན་ཁྲོད། མཚོ་སྔོན་པོའི་སྙན་ངག་ཐང་ཆེན་འཛུགས་སྐྲུན་ཁ་སྣོན་བྱས་ཤིང་། 《གེ་སེར་རྒྱལ་པོ》དང་། 《ཇིང་གིར》། 《ཅི་ཨར་ཅ་མེ་ཧྲི》། 《ར་མ་ཎ》སོགས་གནའ་དེང་རྒྱལ་ཁབ་ཕྱི་ནང་གི་གནའ་བོའི་ལོ་རྒྱུས་སྙན་ངག་འཕེལ་རྒྱས་དོན་རྐྱེན་གྱི་བརྗོད་གཞི་སྣང་བརྙན་གཙོ་བོ12བཞེངས་རྒྱུ་ཡིན་པ་རེད།
ཁྱད་ཆོས་མི་འདྲ་བའི་བརྗོད་གཞི་སྣང་བརྙན12གསར་བཟོ་བྱེད་ཆེད། རྒྱལ་ནང་གི་འཇིམ་བཟོ་ཇུས་འགོད་པ་ཆེན་མོ་དག་གདན་ཞུ་བྱས་ཏེ་དབྱིབས་དང་རྣམ་པ་གང་རུང་ནས་ཁྱད་དུ་འཕགས་པ་ཞིག་གསར་བཟོ་བྱ་རྒྱུ་ཡིན་ཏེ། རིག་གནས་རིན་ཐང་དང་གསར་བཟོའི་སྤུས་ཚད་དག་རྒྱལ་ནང་དུ་སྔོན་གྲས་ཆུ་ཚད་དུ་མཐོང་བས། ལས་གཞི་འཛུགས་སྐྲུན་འདི་ལེགས་འགྲུབ་བྱུང་རྗེས་རྒྱལ་སྤྱིའི་སྙན་ངག་པ་ཆེན་མོ་དང་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བས་དགའ་བསུ་ཆེན་པོ་ཐོབ་ངེས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་རྟེན་གཞི་བྱས་ཏེ་འཛམ་གླིང་འཕེལ་རྒྱས་ཁྲོད་འཐིམ་པར་མཚོ་སྔོན་པོ་མཛེས་ལྗོངས་དོ་དམ་ཅུའུ་ཡིས་སྙན་ངག་ཐང་ཆེན་དུ་འཛམ་གླིང་ལོ་རྒྱུས་སྙན་ངག་གི་བརྗོད་གཞི་སྣང་བརྙན12ཁ་སྣོན་བྱས་པ་རེད།
འཆར་འགོད་ལྟར་ན། གསར་དུ་བསྣན་པའི་འཛམ་གླིང་ལོ་རྒྱུས་སྙན་ངག་གི་བརྗོད་གཞི་སྣང་བརྙན12དེ2012ལོའི་ཟླ8པར་མཚོ་སྔོན་པོ་འགྲམ་རྒྱུད་དུ་ལེགས་འགྲུབ་བྱུང་རྒྱུ་ཡིན་པ་དང་། “རིག་གནས་ཀྱི་མཚོ་སྔོན་པོ”ཞེས་པས་མཛེས་སྡུག་གསར་བ་བསྐྲུན་ངེས་རེད།