བོད་ཡིག་ཟིན་བྲིས་གསར་བ་ཞིག་ཐོན་ལ་ཉེ་བའི་འཕྲིན་གསར།
རྩོམ་པ་པོ།:གཉན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-10-10
ཀློག་གྲངས།:
གཉན་པོའི་གཡུ་རྩེའི་པོད་ཁུག་གི་ཚབ་མཚོན་པར་རིས།
ད་ལྟའི་ཆ་འཕྲིན་དུས་རབས་ཀྱི་དགོངས་པ་དང་བསྟུན་ཏེ། བོད་སྤྱི་ཚོགས་དང་བོད་སྐད་ཡིག་ཀྱང་ཆ་འཕྲིན་ལ་ཕྱོགས་ཀྱིན་ཡོད་པར་ཞབས་འདེགས་ཤིག་གི་དོད་དུ། གཉན་པོ་གཡུ་རྩེ་ཤེས་རིག་ལྟེ་གནས་ཀྱི་ཆ་འཕྲིན་ལག་རྩལ་ཚན་ཁག་གིས་གཉན་པོ་གཡུ་རྩེ་བོད་ཡིག་ཟིན་བྲིས་ཅེས་པ་ཞིག་གཙོ་སྒྲུབ་ཀྱིས་ད་ལྟ་ལེགས་འགྲུབ་བྱུང་ཉེ་ཡོད་ལ། མི་རིང་བར་ཀུན་ཀྱི་ལོངས་སྤྱོད་དུ་ཤར་གཏོང་བྱེད་ངེས་རེད།
ཟིན་བྲིས་འདིར། མི་སྒེར་གྱིས་ཟིན་བྲིས་གཉེར་བ་གཙོ་བྱས་ཏེ་བོད་ཡིག་གི་དྲ་ཚིགས་གཞན་པར་མེད་པའི་རོལ་རྩེད་ཀྱི་རིགས་དང་རིག་རྩལ་གྱི་རིགས་སོགས་བྱེད་སྒོ་སྣ་ཚོགས་ཡོད་པ་དང་། དྲ་འཇུག་པ་རྣམས་ཀྱིས་དེ་དག་བཀོལ་སྤྱོད་བྱ་ཐབས་སུ་སྟབས་བདེ་གང་ལེགས་བསྐྲུན་ཡོད་ལ། ཟིན་བྲིས་ཤར་གཏོང་བྱས་རྗེས་རང་ཉིད་ཀྱིས་ནང་འཇུག་བྱས་ཏེ་དངོས་མྱོང་བྱེད་ཆོག་པ་རེད།
འབྲེལ་ཡོད་འོས་སྦྱོར།