བོད་ཀྱི་ལག་ཤེས་ཐང་ག་སྒྱུ་རྩལ་ལ་གནས་སྐོར་བས་དགའ་བསུ་ཐོབ་པ།

ལག་ཤེས་ཐང་ག་སྒྱུ་རྩལ་པས་ཐང་ག་འབྲི་བཞེངས་བྱེད་བཞིན་པ། 
ཐང་ག་འབྲི་བཞེངས་བྱེད་པའི་རང་བྱུང་གཏེར་རིགས་རྒྱུ་ཆ།
རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་པོར་གསར་འགོད་པ་ལྷ་སའི་བར་བསྐོར་སྲང་ལམ་དུ་སོང་ཞིང་། མི་རྣམས་ཀྱི་གོམས་ཁ་དང་ལྷན་དུ་དད་ལྡན་མང་ཚོགས་ཀྱིས་མ་ནི་འདོན་བཞིན་པའི་ཆོས་སྐད་དང་མ་ནི་འཁོར་ལོ་བསྐོར་བཞིན་པའི་སྒྲ་སྙན་སོགས་ཉམས་སུ་མྱོང་བཞིན་ཁྱད་ལྡན་འབུར་ཏུ་ཐོན་ཞིང་། ལྷང་འཇགས་ཀྱི་ཐང་གའི་འབྲི་བཞེངས་བྱེད་ས་ཤིག་ཏུ་སླེབས་མ་ཐག ཐང་ག་སྒྱུ་རྩལ་པ་བསོད་ནམས་ཀྱིས་ཁྲོན་ཆིན་གྲོང་ཁྱེར་ནས་ཐོན་པའི་གནས་སྐོར་བ་ཞའོ་ཡས་ལ་ཁོས་བྲིས་པའི་ཐང་ག་མཚམས་སྦྱོར་བྱེད་བཞིན་པའི་ཚུལ་མཐོང་།
བསོད་ནམས་ཀྱིས་གསར་འགོད་པར་བཤད་རྒྱུར། ད་ལོར་བོད་ལྗོངས་སུ་གནས་སྐོར་དུ་ཕེབས་པའི་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མང་པོ་ཡོད་ལ། ཐང་ག་སྒྱུ་རྩལ་མཉམ་མཇོག་བྱེད་པའི་གནས་སྐོར་བ་ཡང་ཇེ་མང་དུ་སོང་། སྔོན་ཆད་ཕྱི་རྒྱལ་གྱི་གནས་སྐོར་བས་ཐང་ག་ཉོ་སྒྲུབ་བྱེད་པར་སྤྲོ་སྣང་ལྡན་པ་མ་གཏོགས་རང་རྒྱལ་དུ་ཅུང་ཉུང་བའི་ཚུལ་འདུག འོན་ཀྱང་ད་ལོར་ཤར་བྱང་དང་། ཧྲང་ཧེ། པེ་ཅིན། ཀུང་ཏོན་ས་ཁུལ་སོགས་རྒྱལ་ནང་གི་གནས་སྐོར་བས་ཐང་ག་ཉོ་སྒྲུབ་བྱེད་པ་ཇེ་མང་རེད་ཟེར།
