logo

མཚོ་སྔོན་རེབ་གོང་ཐང་གའི་འགྲེམ་སྟོན་ཧྲན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་ནས་སྤེལ་བ།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2011-10-05 ཀློག་གྲངས།:


ལྟད་མོ་བས་མཚོ་སྔོན་རེབ་གོང་ཐང་གའི་འགྲེམ་སྟོན་སྟེང་ཐང་གའི་སྒྱུ་རྩལ་ལ་ཉམས་སུ་མྱོང་བཞིན་པ།

  མཚོ་སྔོན་རེབ་གོང་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་ཞི་ཨང་གྲོང་ཁྱེར་ཏྰ་ཐང་ལྷོ་མའི་དངོས་མང་བཤམས་སྟོན་ཁང་དུ་སྤེལ་འགོ་བརྩམས་པ་དང་། ཐང་ག་སྟོང་ལྷག་འགྲེམ་སྟོན་བྱས་ཏེ་མཚོ་སྔོན་ཐང་གའི་སྒྱུ་རྩལ་སྣ་མང་རང་བཞིན་ཕྱིར་མངོན་པ་རེད། རེབ་གོང་ཐང་གའི་སྒྱུ་རྩལ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་དུ་དར་འགོ་བརྩམས་པ་ཡིན་ལ། ས་གནས་དང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། ཕུལ་དུ་བྱུང་བའི་ལག་ཤེས་སྒྱུ་རྩལ་ལྡན་པས་མཚན་སྙན་གྱི་བ་དན་རྒྱལ་ཁབ་ཕྱི་ནང་ལ་ཁྱབ་ཡོད།


ལྟད་མོ་བས་མཚོ་སྔོན་རེབ་གོང་ཐང་གའི་འགྲེམ་སྟོན་སྟེང་ཐང་གའི་སྒྱུ་རྩལ་ལ་ཉམས་སུ་མྱོང་བཞིན་པ།


འབྲེལ་ཡོད་འོས་སྦྱོར།