མཚོ་སྔོན་བོད་ཁུལ་གྱི་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་རོགས་སྐྱོར་བྱས་པ།
རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ།
ཡོང་ཁུངས།:ཞིན་ཧྭ་དྲ་བ།
དུས་ཚོད།:2011-10-01
ཀློག་གྲངས།:
ཉེ་སྔོན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི2011ལོའི་བོད་ཁུལ་འཕྲོད་བསྟེན་ལས་གཞི་ལ་ཀྲུང་དབྱང་སྔོན་རྩིས་ཁྲོད་གྱི་མ་དངུལ་སྒོར་ཁྲི17900བཏང་སྟེ། གཙོ་བོ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གི་མྱུར་སྐྱོབ་སྒོ་བསྟེན་ཕྱོགས་བསྡུས་ཐོག་ཁང་དང་། རང་སྐྱོང་ཁུལ5ཡི་འཕྲོད་བསྟེན་ལྟ་རྟོག་ཁང་། ཁུལ་དང་རྫོང་རིམ་པའི་མི་དམངས་སྨན་ཁང28ཀྱི་མཐོ་གནོན་དབྱང་དབུགས་ནད་བརྟག་ཁང་སོགས་འཛུགས་སྐྲུན་གྱི་ཐད་ལ་བཀོལ་རྒྱུ་རེད།
གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་ཁུལ་གྱི་འཕྲོད་བསྟེན་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་ཧུར་བརྩོན་གྱིས་ལས་གཞི་འཆར་འགོད་དང་གསོག་ཉར། སྙན་ཞུའི་བྱ་བ་བཅས་ལེགས་པོར་སྒྲུབ་པ་དང་། 2011ལོར་བསྡོམས་པས་འཕྲོད་བསྟེན་བཟོ་འགོད་རིགས3གྱི་ལས་གཞི41སྙན་ཞུ་བྱས། མིག་སྔར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཚོགས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི2011ལོའི་བོད་ཁུལ་འཕྲོད་བསྟེན་ལས་གཞི་ལ་ཀྲུང་དབྱང་སྔོན་རྩིས་ཁྲོད་ཀྱི་མ་དངུལ་སྒོར་ཁྲི17900བཏང་བ་དང་། གཙོ་བོ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་མྱུར་སྐྱོབ་སྒོ་བསྟེན་ཕྱོགས་བསྡུས་ཐོག་ཁང་དང་། མཚོ་སྔོན་ཞིང་ཆེན་འགོས་ནད་ཆེད་གཉེར་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཕྱོགས་བསྡུས་ཐོག་ཁང་། མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་མྱུར་སྐྱོབ་ལྟེ་གནས། ཟི་ལིང་གྲོང་ཁྱེར་ཁའི་སྦུག་སྨན་ཁང་གི་ནད་བརྟག་སྨན་བཅོས་ལྟེ་གནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་སྒོ་བསྟེན་ཕྱོགས་བསྡུས་ཐོག་ཁང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་ཞག་སྡོད་སྨན་བཅོས་ཐོག་ཁང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གཉིས་པའི་ཞག་སྡོད་སྨན་བཅོས་ཐོག་ཁང་། མཚོ་བྱང་ཁུལ་བོད་ལུགས་སྨན་ཁང་གི་ཞག་སྡོད་སྨན་ལུམས་ཕྱོགས་བསྡུས་ཐོག་ཁང་དང་། མཚོ་བྱང་དང་རྨ་ལྷོ། མགོ་ལོག མཚོ་ནུབ། མཚོ་ལྷོ་བཅས་རང་སྐྱོང་ཁུལ5ཡི་འཕྲོད་བསྟེན་ལྟ་རྟོག་ཁང་དང་། ཁུལ་དང་རྫོང་རིམ་པའི་མི་དམངས་སྨན་ཁང28ཀྱི་མཐོ་གནོན་དབྱང་དབུགས་ནད་བརྟག་ཁང་བཅས་འཛུགས་སྐྲུན་གྱི་ཐད་ལ་བཀོལ་རྒྱུ་རེད། མིག་སྔར། ལས་གཞི་འདིའི་ཞིབ་འཇུག་སྙན་ཞུའི་ཆོག་མཆན་སོགས་དུས་སྐབས་སྔོན་མའི་བྱ་བ་དག་ལེགས་འགྲུབ་བྱས་ཡོད།

འབྲེལ་ཡོད་འོས་སྦྱོར།