logo

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་རྒྱལ་ཁབ5Aརིམ་པར་ཚུད་ནས་སྒོ་བྱང་འགེལ་བ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ དུས་ཚོད།:2011-09-30 ཀློག་གྲངས།:


མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་འདི་རྒྱལ་ཁབ5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་ཏེ་སྒོ་བྱང་འགེལ་བ།

          ཟླ9བའི་ཚེས27ཉིན། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་ནི་རྒྱལ་ཁབ5Aརིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་ཏེ་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་སྤེལ་ཞིང་། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་དེ་མཚོ་སྔོན་ཞིང་ཆེན་གྱི5Aརིམ་པའི་གནས་སྐོར་མཛེས་ལྗོངས་ཁུལ་ཐོག་མར་གྱུར་བ་རེད།


རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ།

          རྒྱུས་ལོན་བྱས་པ་ལྟར་ན།  མཚོ་སྔོན་པོ་ནི་ཀྲུང་གོའི་མཚོ་ངོས་ལས་མཐོ་ཚད་ཆེས་མཐོ་བ་དང་ནང་ལོག་ས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་གནས་སྐོར་ཆས་རྟགས་ཀྱི་སྣང་བརྙན་དང་གཙོ་ཁྲིད་མཛེས་ལྗོངས་ཁུལ་ཡང་ཡིན། གནས་འདིའི་རྩྭ་ཐང་ཡངས་ཤིང་རྒྱ་ཆེ་ལ། ཆུ་རྒྱུན་མང་པོ་ཡོད་པས་མཚོ་བོད་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛོད་ཁང་ལྟ་བུར་གྱུར་ཡོད་པ་དང་། རྒྱལ་སྤྱིའི་བརླན་ས་ཁུལ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གྱུར་ཡོད། 


འབྲེལ་ཡོད་འོས་སྦྱོར།