སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་སྨྱན་བྱད་ཚོགས་པ་དབུ་བརྙེས་པ།
རྩོམ་པ་པོ།:ཐུབ་བསྟན།
ཡོང་ཁུངས།:ཁམས་པའི་དྲ་བ།
དུས་ཚོད།:2011-09-28
ཀློག་གྲངས།:
ཟླ9བའི་ཚེས21ཉིན། སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་སྨྱན་བྱད་ཚོགས་པ་དེ་ཞི་ཁྲང་གྲོང་ཁྱེར་དུ་དབུ་བརྙེས་པ་རེད། སི་ཁྲོན་མི་རིགས་དུས་དེབ་ཁང་དང་། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་། ལིའང་ཧྲན་ཉིན་རེའི་ཚགས་པར་ཁང་། རྔ་བ་ཉིན་རེའི་ཚགས་པར་ཁང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་བཅས་སྡེ་ཁག་དྲུག་མཉམ་དུ་འཛོམས་ནས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་སྐད་ཡིག་སྨྱན་བྱད་ཚོགས་པའི་སྲོལ་ཡིག་ལ་གྲོས་མོལ་བྱས་ནས་གྲོས་འཆམས་བྱུང་བ་མ་ཟད་ད་དུང་མི་འདང་ས་དང་ཐེ་ཚོམ་ཅན་རྣམས་ལ་དགོས་དབང་གིས་སྣོན་འཕྲི་ཡང་བྱས་པ་རེད།
ཚོགས་པ་འདི་ནི་ཁེ་མེད་རང་བཞིན་ཅན་གྱི་སྨྱན་བྱད་མཉམ་ལས་ལས་ཁུངས་ཤིག་ཡིན་ལ་དང་པོ་དར་རྩེ་མདོ་ནས་འཆར་འགོད་ཀྱི་འགོ་འཛུགས་བྱས་པ་དང་། བར་དུ་ཁྲེང་ཏུའུ་གྲོང་ཁྱེར་དུ་ལས་གྲ་འགྲིག་ཅིང་གོང་ཚེས་ཉིན་ཞི་ཁྲང་གྲོང་ཁྱེར་དུ་དངོས་སུ་དབུ་བརྙེས་པ་རེད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁྱབ་སྤེལ་བྱེད་པའི་འཕྲིན་སྦྱོར་ལས་ཁུངས་དཔེར་ན་ཚགས་པར་ཁང་དང་། དུས་དེབ། རྒྱང་སྒྲོག་བརྙན་འཕྲིན་ཁང་། དྲ་ཚིགས། ལག་འཕྲིན་ཚགས་པར་སོགས་ཀྱི་ལས་ཁུངས་ཤིག་ཡིན་ཕྱིན་ཚོགས་པ་འདིའི་ནང་དུ་ཞུགས་ཆོག་པ་རེད།
ཚོགས་པ་འདི་དབུ་བརྙེས་པའི་རྗེས་སུ་མི་རིགས་ས་ཁུལ་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བྱེད་ཕྱོགས་དྲིལ་བསྒྲགས་དང་ཆ་འཕྲིན་བརྒྱུད་སྒྲོག་བྱེད་པ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན། མི་རིགས་ཁག་གི་སྐད་ཡིག་ཕན་ཚུན་བརྗེ་རེས་དང་མཉམ་ལས་བཅས་ཀྱི་བྱེད་ཤུགས་ཆེ་རུ་བཏང་ནས་སི་ཁྲོན་གྱི་ཆབ་དཔལ་རིག་གསུམ་གོང་འཕེལ་གཏོང་བར་བྱེད་ནུས་ཐོན་ཐུབ་ངེས་རེད།

འབྲེལ་ཡོད་འོས་སྦྱོར།