logo

བོད་ལྗོངས་འོན་ལྐུགས་བྱིས་པའི་བརྩམས་ཆོས“འཆམ་མཛེས་བོད་ལྗོངས”ཞེས་པའི་མཛེས་རྩལ་འགྲན་སྡུར་ལ་ཞུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-28 ཀློག་གྲངས།:


དཔྱད་འདེམས་པ་རྣམས་ཀྱི་གདེང་འཇིག་མཐོན་པོ་ཐོབ་པའི་བརྩམས་ཆོས་གཉིས་པ།

  ཟླ9བའི་ཚེས26ཉིན། “འཆམ་མཛེས་བོད་ལྗོངས”ཞེས་པའི་མཛེས་རྩལ་འགྲན་སྡུར་གྱི་དཔྱད་སྡུར་བྱ་བའི་འགོ་བརྩམས་ཤིང་། འགྲན་སྡུར་ལ་ཞུགས་པའི་བརྩམས་ཆོས་སྟོང་ལྷག་གི་ཁྲོད་དམིགས་བསལ་གྱི་བརྩམས་ཆོས17གྱིས་ལྷག་པར་དུ་ཀུན་གྱི་ཡིད་སེམས་བཀུག བརྩམས་ཆོས་འདི་དག་ནི་བོད་ལྗོངས་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནས་ཡོང་བའི་བྱིས་པ་འོན་ལྐུགས་དག་གིས་བྲིས་པ་རེད།


བོད་ལྗོངས་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནས་ཡོང་བའི་བྱིས་པ་འོན་ལྐུགས་དག་གི་འགྲན་ཞུགས་བརྩམས་ཆོས།

  “འཆམ་མཛེས་བོད་ལྗོངས”བརྩམས་ཆོས་འགྲན་སྡུར་གྱི་དཔྱད་འདེམས་པ་ཀྲང་སི་ཡོན་གྱིས་དམིགས་བསལ་གྱི་བརྩམས་ཆོས་འདི་དག་ལ་གདེང་འཇོག་མཐོན་པོ་གནང་བ་སྟེ། “རི་མོ་འདི་དག་གིས་བྱིས་པ་རྣམས་ཀྱིས་ཡིད་སེམས་མངོན་པར་མཚོན་ཐུབ་ལ། སྙན་ངག་གིས་ཕྱུག་པའི་མཛེས་རིས་ཀྱི་འབྲི་བཞེངས་དང་། ཡང་ན་མི་སྣ་བཞེངས་སྐྲུན་སོགས་གང་གི་ཐད་ནས་བལྟས་ན་བྱིས་པ་རྣམས་ཀྱི་ཡར་བརྩོན་ལྷུར་ལེན་དང་། མ་འོངས་བར་རེ་སྨོན་བྱེད་པའི་བསམ་པ་ཞིག་ངང་ངམ་ཤུགས་ཀྱིས་མཚོན་ཐུབ། ཁོང་ཚོས་ཡིད་དུ་འོངས་པའི་ཕ་ཡུལ་གྱི་མཛེས་ལྗོངས་ཚོར་ཐུབ་པ་མ་ཟད། དེ་ལས་ཀྱང་ལྷག་པའི་མཛེས་སྡུག་ཅིག་ཀྱང་རྟོགས་ཅི་ཐུབ་བྱེད་ཀྱིན་ཡོད”ཅེས་བཤད་པ་རེད།


དཔྱད་འདེམས་པ་རྣམས་ཀྱིས་བརྩི་མཐོང་ཆེན་པོ་བྱེད་པའི་བརྩམས་ཆོས་བཅུ་བཞི་བ།

  བྱིས་པ་འདི་དག་གི་མཛེས་རྩལ་དགེ་རྒན་དངོས་གྲུབ་ལགས་ཀྱིས་བཤད་རྒྱུར། “འོན་ལྐུགས་བྱིས་པ་འདི་དག་ཚོན་མདོག་དང་བྲི་རིས་སོགས་ལ་ཚོར་བ་རྣོན་པོ་ཞིག་ཡོད་ལ། སྒོས་སུ་མི་སྣའི་ཁྱད་ཆོས་དེ་མ་ཉིད་དུ་རྟོགས་ཐུབ། ང་ཚོའི་སློབ་གྲྭར་གཟའ་འཁོར་གཅིག་ལ་མཛེས་རྩལ་གྱི་སློབ་ཁྲིད་ཐེངས་གཉིས་ལ་ཡོད་པ་དང་། ངས་ལག་བརྡ་དང་ཐད་ཀར་དུ་མཐོང་བའི་ཁྲིད་ཆས་ལ་བརྟེན་ནས་ཁོང་ཚོར་རི་མོའི་འབྲི་ལུགས་ཁྲིད་རྗེས། བྱིས་པ་རྣམས་ཀྱིས་གཟའ་འཁོར་ལྔ་ནས་དྲུག་རིང་གི་དུས་ཚོད་སྤྱད་ནས་བརྩམས་ཆོས་ལེགས་འགྲུབ་བྱུང་། རི་མོ་འབྲི་བའི་བྱིས་པ་འདི་དག་གི་ཁྲོད་ན་ཚོད་ཆེས་ཆེ་བ་མཐོ་འབྲིང་འགྲིམ་པ་དང་། ཆེས་ཆུང་བ་ད་སྐབས་སློབ་ཆུང་འགྲིམ་བཞིན་ཡོད”ཅེས་ཟེར།
  རྒྱུས་ལོན་བྱུང་བ་ལྟར་ན། ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནི་སྤྱི་ལོ2000ལོའི་ཟླ12བའི་ཚེས1ཉིན་བཙུགས་པ་དང་། འདི་ནི་མིག་སྔར་བོད་ལྗོངས་སུ་ཡོད་པའི་ལོང་བ་དང་། འོན་པ། རིག་སྟོབས་སྐྱོན་ཅན་བཅས་ཀྱི་སློབ་གསོ་གཅིག་ཏུ་འདུས་པའི་དམིགས་བསལ་སློབ་གསོའི་སློབ་གྲྭ་ཞིག་ཡིན་ཞིང་། སློབ་གྲྭ་འདིར་གྲ་སྒྲིག་རིམ་པ་དང་། སློབ་ཆུང་རིམ་པ། དམའ་འབྲིང་རིམ་པ། དེ་མིན་ལས་རིགས་སློབ་གསོའི་རིམ་པ་བཅས་སུ་བགར་ནས་ལོ་དགུའི་མུ་རྒྱུད་གཅིག་པའི་ལམ་ལུགས་ཀྱི་སློབ་གསོ་ལག་བསྟར་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱི་དབང་བོ་སྐྱོན་ཅན་གྱི་བྱིས་པ་རྣམས་ཀྱི་སློབ་གསོ་དང་སྐྱེད་སྲིང་གི་འགན་འཁྲི་དང་ལེན་བྱེད་བཞིན་ཡོད་པ་རེད།


བོད་ལྗོངས་ལྷ་སའི་དམིགས་བསལ་སློབ་གསོའི་སློབ་གྲྭ་ནས་ཡོང་བའི་བྱིས་པ་འོན་ལྐུགས་དག་གི་འགྲན་ཞུགས་བརྩམས་ཆོས།


འབྲེལ་ཡོད་འོས་སྦྱོར།