དཀར་མཛེས་ཁུལ་རོང་བྲག་རྫོང་གིས་རྒྱལ་རོང་བོད་མིའི་ཡུལ་སྲོལ་དུས་ཆེན་བསུ་བར་གྲ་སྒྲིག་བྱེད་པ།
རྩོམ་པ་པོ།:གངས་དབང་།
ཡོང་ཁུངས།:ཁམས་པའི་གསར་འགྱུར་དྲ་བ།
དུས་ཚོད།:2011-09-25
ཀློག་གྲངས།:
རྒྱུས་ལོན་བྱུང་བར་ལྟར་ན་ད་ལོའི་རོང་བྲག་རྫོང་གི་རྒྱལ་རོང་བོད་མིའི་ཡུལ་སྲོལ་དུས་ཆེན་ནི་ཟླ10བའི་ཚེས22ནས28བར་དུ་སྤེལ་རྒྱུ་ཡིན་པ་དང་འགོ་ཚུགས་པའི་མཛད་སྒོ་ནི་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤྲོ་སྣང་དང་བྲག་སྟེང་གཉིས་ཀར་སྤེལ་རྒྱུ་རེད། ཐེངས་འདིའི་དུས་ཆེན་དུ་གྲོང་གསེབ་གཙོ་བོར་བྱས་ཏེ་གདོད་མའི་གླུ་བྲོ་དང་། མཛེས་མ་གདམ་པའི་འགྲན་བསྡུར། རྒྱལ་རོང་བུ་མོ་ནར་སོན་པའི་མཛད་སྒོ་བཅས་ཀྱི་ཐོག་ནས་རྒྱལ་རོང་གི་ཡུལ་སྲོལ་གོམས་གཤིས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།