logo

རྒྱལ་ཡོངས་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་ཚོགས་འདུ་ལྷ་སར་འཚོགས་པ།

རྩོམ་པ་པོ།:རྣམ་རྒྱལ། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ།  དུས་ཚོད།:2011-09-21 ཀློག་གྲངས།:


ཚོགས་འདུའི་ཡུལ་དངོས། 

            ཟླ9བའི་ཚེས20ཉིན་གྱི་སྔ་དྲོར། སྐབས27པའི་རྒྱལ་ཡོངས་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་བརྗེ་རེས་དང་སྐབས12པའི་རྒྱལ་ཡོངས་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་དཔྱད་ཞིབ་ཚོགས་འདུ་ལྷ་སར་འཚོགས་པ་རེད།


ཚོགས་ཞུགས་མཁས་དབང་དང་འཐུས་མིས་ལེ་ཚན་ལ་དཔྱད་ཞིབ་གནང་བཞིན་པ།

            ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་འཕྲིན་ལམ་དང་། དེ་བཞིན་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན། ཀན་སུའུ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་ལྔ་ཡི་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས32དང་།   བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་སོགས་ནས་ཕེབས་པའི་འཐུས་མི60ཞིབ་དཔྱད་ཚོགས་འདུར་ཞུགས་ཡོད་པ་རེད། 
            ཐེངས་འདིའི་ཉིན་དྲུག་རིང་གི་ཞིབ་དཔྱད་ཚོགས་འདུའི་ཐོག་གཙོ་བོ་བོད་སྐད་རླུང་འཕྲིན་དང་བརྙན་འཕྲིན་གསར་འགྱུར་བརྩམས་ཆོས་དང་། རིག་རྩལ་བརྩམས་ཆོས་སོགས་ལ་དཔྱད་བསྡུར་བྱས་ནས་བྱ་དགའ་ཐོབ་པའི་བརྩམས་ཆོས་ལེགས་གྲས་འདེམས་སྒྲུག་བྱེད་རྒྱུ་དང་དེའི་མཚུངས་སུ་གསར་དུ་ཕབ་བཟོ་བྱས་པའི་བོད་སྐད་རིག་རྩལ་རླུང་འཕྲིན་ལེ་ཚན་བརྗེ་རེས་བྱེད་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།