དཀར་མཛེས་རྟའུ་རྫོང་གི་ཆེད་དོན་པར་འགྲེམ་དང་བོད་པའི་ཡུལ་སྲོལ་འཁྲབ་སྟོན་བྱ་འགུལ་སྤེལ་པ།

དཀར་མཛེས་ཁུལ་རྟའུ་རྫོང་གི་ཁྱད་དུ་འཕགས་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན།
ཟླ9ཚེས18ཉིན། སི་ཁྲོན་དཀར་མཛེས་ཁུལ་རྟའུ་རྫོང་ཡུལ་སྐོར་ཆེད་དོན་པར་འགྲེམ་བྱ་འགུལ་ཁྲིན་ཏུའུ་ནས་སྤེལ་ཞིང་། དུས་ཡུན་ཉིན་འགའ་སྟེ་ཟླ10ཚེས7བར་བསྲིང་རྒྱུ་ཡིན་པ་དང་། འགྲེམ་སྟོན་བྱས་པའི་པར་རིས་བརྩམས་ཆོས105ནི་སི་ཁྲོན་ཞིང་ཆེན་ཕྱི་ནང་གི་མིང་གྲགས་པར་མཁན་ཚོས་རྟའུ་རྫོང་གི་མིས་བཟོས་ཡུལ་ལྗོངས་དང་རང་བྱུང་མཛེས་ལྗོངས་ཕུལ་བྱུང་ཅན་ལེགས་འདེམས་བྱས་པ་དག་རེད།

དཀར་མཛེས་ཁུལ་རྟའུ་རྫོང་གི་ཁྱད་དུ་འཕགས་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན།
ཉིན་འདིར། རྟའུ་རྫོང་གིས་ད་དུང་ལྷད་མེད་པའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱ་འགུལ་སྤེལ་ལ། དེ་ལས“ཆེས་མཐའ་མཇུག་གི་གཉེན་སྲོལ་རུས་རྒྱུད་འཚོ་བ”སྟེ་རང་བྱུང་གླུ་གར《མ་ཎིའི་གར》ནི་ཁྲིན་ཏུའུ་ནས་ཐེངས་དང་པོར་འཁྲབ་སྟོན་བྱས་པ་ཡིན་ཞིང་། ས་དེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད།
རྟའུ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་ཤར་ཕྱོགས་སུ་ཡོད་ཅིང་། དེར་གནས་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ཆེས་ཐུན་མོང་མ་ཡིན་པའི་མི་ཉག་རིག་གནས་དང་། སོ་ནམ་རིག་གནས། གཉེན་སྟོན་རིག་གནས། གེ་སར་རིག་གནས་སོགས་རིག་གནས་སྣ་མང་ལྷན་དུ་སྦྱར་བའི་རིག་གནས་མ་ལག་ཞིག་ཆགས་ཡོད་པ་རེད།
