མཚོ་སྔོན་པོA5ཅན་གྱི་རྒྱལ་ཁབ་གནས་སྐོར་ཡུལ་ལྗོངས་སུ་འཕར་བའི་གྲོགས་ཚོགས་ཟི་ལིང་ནས་བསྡུས་པ།

གྲོགས་ཚོགས་ཡུལ་དངོས།
ཉེ་ཆར། མཚོ་སྔོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་པོ་གནས་སྐོར་ཡུལ་ལྗོངས་དོ་དམ་ཅུའུ། ཞིང་ཆེན་གནས་སྐོར་ཅུའུ་བཅས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་པོA5ཅན་གྱི་རྒྱལ་ཁབ་གནས་སྐོར་ཡུལ་ལྗོངས་སུ་འཕར་བའི་གྲོགས་ཚོགས་ཟི་ལིང་དུ་བསྡུས་ཤིང་། གྲོགས་ཚོགས་སྟེང་རྒྱལ་ཁབ་ཡུལ་སྐོར་ཅུའི་འབྲེལ་ཡོད་དཔྱད་འདེམ་གྱི་ཡིག་ཆ་སྒྲོག་འདོན་བྱས་པ་དང་། མཚོ་སྔོན་པོA5ཅན་གྱི་གནས་སྐོར་ཡུལ་ལྗོངས་སུ་འཕར་བའི་ལོ་རྒྱུས་དོན་སྙིང་རྣམས་རིམ་བཞིན་མཚམས་སྦྱོར་གནང་། མཚོ་སྔོན་ཞིང་ཆེན་དུ་སྡོད་པའི་ཀྲུང་དབྱང་སྨྱན་བྱད་ལས་རིགས་དང་ཞིང་ཆེན་ཁུངས་གཏོགས་ཀྱི་སྨྱན་བྱད་ལས་རིགས་སྡེ་ཁག་སོགས་ཐེངས་འདིའི་གྲོགས་ཚོགས་ལ་ཞུགས་ཡོད་པ་རེད།

མཚོ་སྔོན་པོA5ཅན་གྱི་རྒྱལ་ཁབ་གནས་སྐོར་ཡུལ་ལྗོངས་སུ་འཕར་བའི་དཔང་རྟགས་བླངས་པ།
2009ལོའི་ཟླ11པར་གསར་འཛུགས་བྱེད་རྒྱུར་ཡར་ཞུ་བྱས་པ་ནས་ལེགས་འགྲུབ་བྱུང་བའི་དུས་རིམ་ནང་། མཚོ་སྔོན་པོA5ཅན་གྱི་གནས་སྐོར་ཡུལ་ལྗོངས་སུ་འཕར་བའི་དུས་ཚོད་ནིA5ཅན་གྱི་གནས་སྐོར་ཡུལ་ལྗོངས་གཞན་དང་བསྡུར་ན་ཅུང་ཐུང་བ་ཡིན་ལ། ཕྱོགས་བསྡུས་ནུས་ཤུགས་ཅུང་ཞེན་པའི་རྨང་གཞིའི་སྟེང་དུས་ཡུན་ཐུང་ཐུང་ནང་གསར་འཛུགས་ཀྱི་ལས་གཞི་ལེགས་འགྲུབ་བྱུང་བ་འདི་ལས་མཚོ་སྔོན་པོའི་གནས་སྐོར་གྱི་རྗེས་འདོན་ནུས་ཤུགས་དང་འཕྱོང་སྐྱོད་འཕེལ་རྒྱས་ཀྱི་གོམ་འགྲོས་མཚོན་ཐུབ་ཀྱི་ཡོད། 2010ལོའི་ཟླ9ཚེས1ཉིན་མཚོ་སྔོན་པོ་གནས་སྐོར་ཡུལ་ལྗོངས་ལ་ཞིང་ཆེནAརིམ་པའི་གནས་སྐོར་ལྟེ་གནས་སུ་ཚུད་པར་དཔྱད་འབེབ་ཨུ་ཡོན་ལྷན་ཚོགས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་རྒྱལ་ཁབ་གནས་སྐོར་ཅུའུ་ལ་ཡར་ཞུ་བྱས་ཤིང་། 2010ལོའི་ཟླ12ཚེས29ཉིན་རྒྱལ་ཡོངས་གནས་སྐོར་ས་ཁུལ་སྤུས་ཚད་ཨང་རིམ་དཔྱད་འབེབ་ཨུ་ཡོན་ལྷན་ཚོགས་རྣམས་པེ་ཅིང་དུ5Aཅན་གྱི་གནས་སྐོར་ས་ཁུལ་ཡུལ་ལྗོངས་རིན་ཐང་དཔྱད་འབེབ་གྲོས་ཚོགས་བསྡུས་ཏེ་རྒྱལ་ཡོངས་ས་ཁུལ་གྱི5Aཅན་གྱི་གནས་སྐོར་ས་ཁུལ8ལ་དཔྱད་འབེབ་གནང་བ་རེད། མཚོ་སྔོན་པོ་ནི་རང་བྱུང་མཛེས་ལྗོངས་ཀྱི་ཐོན་ཁུངས་དང་གནབ་བབ་ཅུང་ལེགས་པའི་ཚོང་རའི་ནུས་ཤུགས་སོགས་ལས་རྒྱལ་ཁབ5Aཅན་གྱི་གནས་སྐོར་ས་ཁུལ་སྤུས་ཚད་དཔྱད་འབེབ་ནང་དང་ལེན་བྱས་ཤིང་། མཚོ་སྔོན་པོ་གནས་སྐོར་ལྟེ་གནས་ལ5Aཅན་གྱི་གྲུབ་འབྲས་ལེགས་པོ་བླངས་པ་རེད།
འདིས་མཚོ་སྔོན་པོ་ནི་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཐོག་དང་པོར་རྒྱལ་ཁབ5Aཅན་གྱི་གནས་སྐོར་ས་ཁུལ་ཡིན་པ་མཚོན་ཞིང་། རྒྱལ་ཁབ་གནས་སྐོར་ལྟེ་གནས་ལས་ཆེས་མཐོ་བའི་ཨང་རིམ་འཕེལ་རྒྱས་ཀྱི་གྲས་སུ་ཚུད་པ་དང་མཚོ་སྔོན་ཞིང་ཆེན་དུ་ད་ལྟའི་བར5Aཅན་གནས་སྐོར་ས་ཁུལ་དབུལ་བའི་སྟོང་ཆ་བསྐངས་ཏེ། མཚོ་སྔོན་གནས་སྐོར་གྱི་ཚབ་མཚོན་དང་སྣ་འདྲེན་ཡུལ་སྐོར་ལྟེ་གནས་སུ་གྱུར་ལ། མི་འགྱངས་བར་རྒྱལ་སྤྱིར་འབྲེལ་བའི་རྒྱལ་ཁབ་ཀྱི་མིང་གྲགས་གནས་སྐོར་ཡུལ་ལྗོངས་ཤིག་ཏུ་འགྱུར་ངེས་པ་དང་ས་ཁུངས་ཀྱི་དཔལ་འབྱོར་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་གྱི་ནུས་བ་ཆེན་པོ་ཐོན་ངེས་རེད།
