logo

གྲངས་ཉུང་མི་རིགས་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་ཀོས་ཡང་གྲོང་ཁྱེར་ནས་བསྡུས་པ།

རྩོམ་པ་པོ།:དཔའ་བརྟན་རྒྱལ། ཡོང་ཁུངས།:ཞིན་ཧྭ་གསར་འགྱུར་དྲ་བ། དུས་ཚོད།:2011-09-11 ཀློག་གྲངས།:


ཟླ9ཚེས10ཉིན། སྐབས་དགུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་
འགོ་རྩོམ་པའི་མཛད་སྒོ་མཛེས་སྡུག་ལྡན་པའི་ཀོས་ཡང་གྲོང་ཁྱེར་ནས་གཟབ་རྒྱས་ངང་བསྡུས།

            སྐབས་དགུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོ་ཚེས10ཉིན་གྱི་དགུང་མོར་མཛེས་སྡུག་ལྡན་པའི་ཀོས་ཡང་གྲོང་ཁྱེར་ནས་གཟབ་རྒྱས་ངང་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོས་ལེང་ཡུས་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་པུའུ་ལེ་ཐི་ཨ་པུའུ་ཏུའུ་རི་ཞེ་ཐི་གཉིས་ལུས་རྩལ་འགྲན་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། སྐབས་དགུ་བའི་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལས་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་མཚན་འཛིན་ཀྲུའུ་ཞི་ཧོས་ལེང་ཡུས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྐབས་དགུ་བའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དངོས་སུ་འགོ་བརྩམས་པ་ཁྱབ་སྒྲོག་མཛད་པ་རེད།


གྲངས་ཉུང་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་དཔལ་འབར་སྒྲོན་བཞིན་པ།

            དེ་ནི་ཀྲུང་གོ་གསར་བའི་ལོ་རྒྱུས་ཆེས་རིང་བའི་རྒྱལ་ཡོངས་རང་བཞིན་གྱི་ལུས་རྩལ་བྱ་འགུལ་ཞིག་ཡིན་ལ། ལོ་ང་བརྒྱད་ཀྱི་རིང་ལ་མི་རིགས་ལུས་རྩལ་འགྲན་ཚོགས་ཀྱིས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ལ་རང་སྟེང་གི་འཕེལ་རྒྱས་ནུས་པ་ཕྱིར་མངོན་པའི་གར་སྟེག་ཅིག་འདོན་སྤྲོད་བྱས་པར་མ་ཟད། རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་ཕན་ཚུན་ལ་རྒྱུས་ལོན་བྱེད་པར་མེད་དུ་མི་རུང་བའི་སྟེག་བུ་གལ་ཆེན་ཞིག་བསྐྲུན་ཡོད་པས། འདི་ནི་མི་རིགས་ལུས་རྩལ་གྱི་དུས་སྟོན་ཁོ་ན་ཞིག་མ་ཡིན་པར་མི་རིགས་མང་པོའི་བརྩེ་དུང་གཅིག་ཏུ་འདྲེས་པ་དང་མི་རིགས་ཀྱི་རིག་གནས་ཕྱིར་མངོན་པའམ་མི་རིགས་འཆམ་མཐུན་ཡིན་པའི་དགའ་སྟོན་ཆེན་པོ་ཞིག་ཡིན།
            རང་རྒྱལ་གྱི་སྣ་འཛོམས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཆེན་པོ་བརྒྱད་ཀྱི་ཁྲོད་ནས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ལྡན་ལ། དེ་ལོ་བཞིའི་ནང་དུ་ཐེངས་གཅིག་རེ་འཚོགས་བཞིན་ཡོད། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་ཀོང་ཞི་དང་ནང་སོག ཉིན་ཞ། བོད་ལྗོངས། ཞིན་ཅང་སོགས་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འཐུས་ཚབ་པ་དང་ཐེ་ཝན་གྱི་གྲངས་མི་རིགས་ལུས་རྩལ་འཐུས་ཚབ་ཚོགས་པ་སོགས་ཁྱོན་བསྡོམས་པས་འཐུས་ཚབ་ཚོགས་པ་སོ་བཞི་ཞུགས་ཡོད་པ་དང་། གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འཐུས་ཚབ་ཚོགས་པ་སོ་བཞི་ཡི་ལུས་རྩལ་པ་སྟོང་དྲུག་དང་བདུན་བརྒྱ་བོ་ཚང་མ་མི་རིགས་ཀྱི་ཁྱད་ཆོས་མཚོན་པའི་འགྱུ་རེས་དང་དྲག་རྩལ་སོགས་འགྲན་བསྡུར་རྣམས་གྲངས་བཅུ་དྲུག་དང་འཁྲབ་སྟོན་རྣམས་གྲངས་བརྒྱ་དང་གྱ་བརྒྱད་ལ་ཞུགས་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།