logo

དཀར་མཛེས་ཕྱག་ཕྲེང་རྫོང་ནས་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་སྤུས་ལེགས་རྙེད་པ།

རྩོམ་པ་པོ།:དཔལ་མགོན་སྐྱབས། ཡོང་ཁུངས།:བོད་མིའི་རིག་གནས་དྲ་བ།   དུས་ཚོད།:2011-09-08 ཀློག་གྲངས།:


ཕྱག་ཕྲེང་རྫོང་གི་གྲོང་སྡེའི་འདུ་ཁང་ཁྲོད་ཀྱི་མིང་རྒྱལ་རབས་སྐབས་ཀྱི་ལྡེབས་རིས།

             ཟླ9བའི་ཚེས2ཉིན། རང་རྒྱལ་སངས་རྒྱས་ཆོས་ལུགས་ཀྱི་གནའ་རྫས་རྟོགས་ཞིབ་པ་གྲགས་ཅན་ནམ། སྔོན་མའི་ལུང་སྨོན་བྲག་ཕུག་ཞིབ་འཇུག་ཁང་གི་གཙོ་འཛིན་དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་གཙོ་བྱས་པའི “སོག་པོའི་ལོ་རྒྱུས་གནའ་ཤུལ་བརྟག་དཔྱད་ཚོ་ཆུང”དཀར་མཛེས་ཁུལ་ཕྱག་ཕྲེང་རྫོང་དུ་ཕེབས་ནས་བརྟག་དཔྱད་བྱ་བ་གཉེར་བ་རེད།


དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་གིས་བརྟག་ཞིབ་བྱེད་བཞིན་པ།

             ས་དེ་གའི་གྲོང་སྡེ་ཞིག་གི་དགོན་པ་ནས། དགེ་རྒན་ཆེན་མོ་ཝུན་ཡུས་ཁྲེང་ལགས་ཀྱིས་མིང་རྒྱལ་རབས་མཇུག་གི་འདུ་ཁང་ལྡེབས་རིས་ཁ་ཤས་རྙེད་པ་དང་། ལྡེབས་རིས་དེ་དག་ཉར་ཚགས་བྱས་པའི་གནས་ཚུལ་ལེགས་པ་མ་ཟད། སྒྱུ་རྩལ་ཆུ་ཚད་ཀྱང་ཧ་ཅང་མཐོ་བ་རེད། དགོན་སྡེ་དེ་ནི་བཀའ་བརྒྱུད་པར་གཏོགས་པ་དང་། ལོ་རྒྱུས་རིན་ཐང་རྩ་ཆེན་ལྡན་པས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ལས་ཁུངས་སུ་འདེམས་པའི་གྲོས་གཞི་བཏོན།
             རྒྱུས་ལོན་བྱས་པ་ལྟར་ན། སྡེ་བ་དེ་གནས་པའི་ས་ནི་སྔོན་དུས་མོས་རྒྱལ་པོའི་སྲིད་དོན་སྒྲུབ་གནས་ཡིན་ལ། ས་དེ་གའི་ལོ་ན་རྒན་པ་དག་གིས་བཤད་རྒྱུར། མེས་པོ་དག་གི་ངག་རྒྱུན་ནས་གོ་ཐོས་ལྟར་ན་མོས་རྒྱལ་པོའི་སྐབས་སུ་གནས་འདིར་སྲིད་གཞུང་བཙུགས་ཏེ་ཁྲལ་བསྡུས་པ་དང་། ཀྲའོ་ཨེར་ཧྥང་གི་སྐབས་སུ་ད་གཟོད་སྲིད་གཞུང་ད་ལྟའི་ཕྱག་ཕྲེང་རྫོང་མཁར་ཆགས་པའི་ས་ལ་སྤར་བ་རེད་ཅེས་བཤད། 


འབྲེལ་ཡོད་འོས་སྦྱོར།