logo

ཏུའུ་ལམ་རྫོང་རྒུ་རུ་ཞང་དང་མཚོ་སྔོན་གསེར་མོ་སྒང་གཏེར་ལས་ཀུང་ཟིས་མཛའ་མཐུན་སྤྲོ་ཚོགས་ཀྱི་བྱ་འགུལ་སྤེལ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-24 ཀློག་གྲངས།:

             ས་གནས་དང་ཁེ་ལས་གཉིས་བར་གྱི་འབྲེལ་འདྲིས་དང་བརྗེ་རེས་ལ་ཤུགས་སྣོན་བྱེད་པ་དང༌། ཁེ་ལས་དང་ས་གནས་ཕན་ཚུན་གཏན་འཇགས་དང༌། འཆམ་མཐུན། ཐུན་མོང་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད།  ཟླ་འདིའི་ཟླ་མཇུག་ཏུ། རྒུ་རུ་ཞང་ཏང་ཨུ་དང་ཞང་སྲིད་གཞུང༌། མཚོ་སྔོན་གསེར་མོ་སྒང་གཏེར་ལས་ཀུང་ཟིས་མཉམ་འབྲེལ་བྱས་པའི་རྒུ་རུ་ཞང་གི་སྡེ་བ་སོ་སོས་ཐུན་མོང་གིས་སྒྲུབ་པའི་རྒུ་རུ་ཞང་དང་མཚོ་སྔོན་གསེར་མོ་སྒང་གཉིས་ཀྱིས་ཁེ་ས་མཉམ་བསྐྲུན་གྱི་མཛའ་མཐུན་སྤྲོ་ཚོགས་བྱ་འགུལ་པཎ་ཆེན་ཤངས་སྡེའི་ཕྱུག་ལ་གསེར་ཐང་དུ་གཟབ་རྒྱས་ངང་བསྡུས། 
             སྤྲོ་ཚོགས་སྟེང་གཏེར་ལམ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང༌། རྫོང་དམངས་ཆེན། རྫོང་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད།  རྒུ་རུ་ཞང་གི་ཏང་སྲིད་འགོ་ཁྲིད་དང་ལས་བྱེད་ལས་བཟོ་བ། མཚོ་སྔོན་གསེར་མོ་སྒང་གཏེར་ལས་ཀུང་ཟིའི་འབྲེལ་ཡོད་མི་སྣ། རྒུ་རུ་ཞང་གི་མང་ཚོགས་དང་སྤུན་ཟླ་ཁྱིམ་མཚེས་ཀྱི་མང་ཚོགས་སོགས་ལྟ་མཁན་མང་ཚོགས་སུམ་སྟོང་ལྷག་ཐེངས་འདིའི་མཛའ་མཐུན་བྱ་འགུལ་ལ་ཞུགས་ཡོད་པར་མ་ཟད། ད་དུང་བློ་མཐུན་རྒན་པ་སྐོར་ཞིག་དང་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགོ་ཁྲིད་རྣམས་སྤྲོ་ཚོགས་སྟེང་ཞུགས།
             གཏེར་ལམ་རྫོང་རྒུ་རུ་ཞང་ནི་མཚོ་ནུབ་ཁུལ་དུ་གསེར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་གནས་ཤིག་ཡིན་ཞིང༌། གསེར་ནག་གི་ཕ་ས་རུ་འབོད་ཀྱིན་ཡོད་ལ།  ད་སྔ་འཚོལ་ཞིབ་བྱས་པའི་གསེར་གྱི་ཐོན་ཁུངས་ཚད་ཏུན74དང་གྲངས་ཆུང17ལ་སླེབས་ཡོད།  ཁེ་ལས་རིམ་གྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཐོག་མའི་དུས་སྐབས་ནང༌། རྒུ་རུ་ཞང་ཏང་ཨུ་དང་ཞང་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་དུ་བཞག་ཏེ། ས་གནས་དང་ཁེ་ལས་ཀྱི་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་དང༌། འཆམ་མཐུན་ངང་རོགས་འདེགས། ཕན་ཚུན་གཉིས་ཕན།  ཐུན་མོང་འཕེལ་རྒྱས་བཅས་མངོན་འགྱུར་བྱེད་རྒྱུ་དེ་དམིགས་འབེན་དུ་བཟུང་ཞིང༌། ཁོར་ཡུག་ལེགས་བསྒྱུར་བྱེད་པ་དང༌། གཅིག་གྱུར་མཐུན་སྦྱོར། ཤུགས་ཆེན་པོས་རྒྱབ་སྐྱོར་བྱེད་པ། ནུས་པ་ཡོད་རྒུས་ཞབས་ཕྱི་བྱེད་པ་དང༌། ཐེངས་གང་མང་ལ་ཁེ་ལས་དང་ས་གནས་མང་ཚོགས་བར་གྱི་རྩོད་གླེང་དང་འགལ་ཟླར་མཐུན་སྦྱོར་གང་ལེགས་བྱས་ནས། དུས་བཅད་ལྟར་ཁེ་ལས་དང་སྡེ་བའི་འགན་ཁུར་བ་རྩ་འཛུགས་བྱེད་པ་དང༌། ངོ་འཕྲད་ཚོགས་འདུ་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཕན་ཚུན་འབྲེལ་འདྲིས་དང་བརྗེ་རེས་བྱས་བས། ཁེ་ལས་དང་ས་གནས་མང་ཚོགས་བར་གྱི་འགལ་བ་ཞི་འཇམ་དུ་འགྲོ་བར་ཕན་འབྲས་ལྡན་པའི་གྲུབ་འབྲས་ཐོབ། ཐུན་མོང་གིས་འབད་བརྩོན་བྱས་པ་བརྒྱུད།  ཞང་གྲོང་གིས་ཁེ་ལས་ལ་ཞབས་ཕྱི་བྱེད་པ་དང༌། ཁེ་ལས་ཀྱིས་ཤང་གྲོང་ལ་རྒྱབ་སྐྱོར་བྱེད་པ། ཁེ་ལས་དང་ས་གནས་ཕན་ཚུན་མཉམ་རྒྱལ་སྒོས་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་ཆགས་ཡོད་པ་རེད།  
             བྱ་འགུལ་སྐབས་སུ། དེ་སྔོན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་རོས་ཀྲིན་སོགས་བློ་མཐུན་རྒན་པ་རྣམས་ཀྱིས་དངོས་སུ་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་མཚོ་སྔོན་གསེར་མོ་སྒང་གཏེར་ལས་ཀུང་ཟི་དང༌། གསེར་བཙོ་སྦྱངས་བཟོ་གྲྭ   སེག་མ་བཟོ་གྲྭ   གསར་དུ་བཙུགས་པའི་རྒུ་རུ་ཞང་གི་གཞུང་སྒྲུང་ཐོག་ཁང་དང༌། རྒུ་རུ་དགོན་པ་འཛུགས་སྐྲུན་བྱས་པའི་གནས་ཚུལ་ལ་ལྟ་སྐོར་རྒྱུས་ལོན་བྱས། 
             རྒུ་རུ་ཞང་གི་ལས་བྱེད་མང་ཚོགས་དང་མཚོ་སྔོན་གསེར་མོ་སྒང་གཏེར་ལས་ཀུང་ཟིའི་ལས་བཟོ་བ་ཚོས་མཉམ་དུ་རིག་རྩལ་འཁྲབ་སྟོན་ཕུན་སུམ་ཚོགས་པ་བྱས་ཤིང༌། ཁོ་ཚོས་དགའ་བ་ཡོད་ཚད་སྒྱུ་རྩལ་འཁྲབ་སྟོན་ལམ་ནས་ཕན་ཚན་ལ་བརྩེ་བ་བསྟན་ཞིང༌། མཛའ་མཐུན་གྱི་ལག་རྡང་སྦྲེལ་ནས་འཆམ་མཐུན་གྱི་གླུ་བྲོ་འཁྲབ་ཏེ། མཉམ་གཅིག་ཏུ་མཛའ་མཐུན་སྤྲོ་ཚོགས་ལ་བསྟོད་གླུ་ཕུལ།  རིག་རྩལ་རྣམ་གྲངས་ཐད་ནས་མི་རིགས་ཀྱི་ཞབས་བྲོ་དང༌། དམངས་གླུ   སྒྲ་སྙན་རྡུང་ལེན། བཤད་པ། བྱིས་སྒྲུང་བཞད་གར་སོགས་འདུས་པས། འཁྲབ་སྟོན་རྣམ་གྲངས་ཕུན་སུམ་ཚོགས་ལ། མང་ཚོགས་ཀྱི་འདོད་བློ་དང་མཐུན་ཐབས་བྱས་ཡོད་པས། ཡུལ་དངོས་ཀྱི་ལྟ་མཁན་མང་ཚོགས་ཀྱིས་དགའ་བསུ་ཐོབ་པ་མ་ཟད།  ད་དུང་མང་ཚོགས་རྣམས་དངོས་སུ་ཁོ་ཚོས་རྩ་འཛུགས་བྱས་པའི་རྟ་རྒྱུགས་དང༌། ཐག་འཐེན་འགྲན་བསྡུར་སོགས་ཀྱི་དམངས་ཁྲོད་རིག་རྩལ་བྱ་འགུལ་ལ་ཞུགས་སུ་བཅུག་པས།  ཁེ་ལས་དང་མང་ཚོགས་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱས་ཤིང༌། ཁེ་ལས་དང་ས་གནས་གཉིས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད།  མཚོ་ནུབ་ཁུལ་ཨུའི་འགོ་ཁྲིད་དང༌། གཏེར་ལམ་རྫོང་ཏང་ཨུའི་འགོ་ཁྲིད། དེ་མིན་ད་དུང་བློ་མཐུན་རྒན་པ་ཁྲིན་རོས་ཀྲིན་སོགས་འབྲེལ་ཡོད་འགོ་ཁྲིད་དགའ་སྟོན་མཇུག་བསྡུ་བའི་མཛད་སྒོར་ཞུགས་པ་མ་ཟད། ད་དུང་རིག་རྩལ་རྣམ་གྲངས་ཁྲོད་དགའ་རྟགས་ཐོབ་པའི་མི་སྒེར་དང་ཚོགས་པར་བྱ་དགའ་གནང༌། 
             ས་དེ་གའི་དགོང་མོར། གཞི་རྒྱ་ཆེ་བའི་སྐོར་བྲོ་དགོང་ཚོགས་བསྡུས་ཤིང༌། དགོང་མོའི་ཆུ་ཚོད8:30སྟེང་སྐོར་བྲོ་དགོང་ཚོགས་ཀྱི་ཡོལ་བ་དངོས་སུ་ཕྱེས་ཤིང༌། མཚོ་ནུབ་ཁུལ་ཨུའི་འགོ་ཁྲིད་དང༌། གཏེར་ལམ་རྫོང་ཏང་ཨུའི་འགོ་ཁྲིད་པས་སྐོར་བྲོ་འི་མེ་དཔུང་གི་དཔལ་འབར་དངོས་སུ་སྒྲོན་ཏེ།  སྐོར་བྲོ་འཁྲབ་སྟོན་གྱི་ཡོ་ལང་བར་ཏུ་རྒྱས་ཤིང༌། མཛའ་མཐུན་དང་འཆམ་མཐུན་གྱི་གདངས་དབྱངས་སྙན་མོའི་ཁྲོད་དགོང་ཚོགས་ལ་སྔར་ལས་ལྷག་པའི་མཐོ་རླབས་ཤིག་གི་སྒོ་འཕར་ཕྱེས་ཏེ། ཤང་གྲོང་ཁེ་ལས་དང་ས་གནས་མང་ཚོགས། ཏང་སྲིད་འགོ་ཁྲིད་སོགས་ལས་རིགས་སོ་སོའི་སྤུན་ཟླ་རྣམས་ཀྱིས་མཛའ་མཐུན་ཨ་ལོང་གི་མདུད་ཐག་གཅིག་ཏུ་སྦྲེལ་ཏེ། སྐྱིད་པའི་སྐོར་བྲོ་མཉམ་འཁྲབ་བྱས་པ་འདིས། ཐེངས་འདིའི་མཉམ་སྤྲོ་བྱ་འགུལ་གྱི་གྲུབ་འབྲས་ཁག་ཅིག་ཡིན་པར་མ་ཟད། ད་དུང་རྒུ་རུ་མང་ཚོགས་ཀྱི་བསམ་བློའི་སྙིང་སྟོབས་དར་སྤེལ་གཏང་རྒྱུ་དང༌། འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་རྒྱུ།  རྒུ་རུ་ཞང་གི་ལས་གཞི་སོ་སོ་དར་རྒྱས་འགྲོ་བ་བཅས་ལ་ཡར་སྐུལ་གྱི་ནུས་པ་བཏོན་ཡོད།


འབྲེལ་ཡོད་འོས་སྦྱོར།