logo

བོད་ཡིག་པར་གཞིའི《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་བཀྲ》བཏོན་པ།

རྩོམ་པ་པོ།:ཀྲུང་གོའི་བོད་ཀྱི་དྲ་བ། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2011-08-24 ཀློག་གྲངས།:

  ཉེ་ཆར་ཀན་སུའུ་ཞིང་ཆེན་གྱི་རྨང་གཞིའི་ས་གཤིས་ཆ་འཕྲིན་ལྟེ་གནས་ཀྱིས་སྒྲིག་བཟོ་བྱས་པའི་བོད་ཡིག་གི་པར་གཞི《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་བཀྲ》དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།
  ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀན་སུའུ་ཞིང་ཆེན་གྱི་བོད་རིགས་འདུས་སྡོད་ཁུལ་ཆེ་ཤོས་དེ་ཡིན་ཞིང་། བོད་རིགས་མི་འབོར་གྱིས་ཁུལ་དེའི་སྤྱིའི་མི་འབོར་གྱི52%ཟིན་པ་དང་བོད་རིགས་ལས་བྱེད་པས་ཁུལ་དེའི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱི་བསྡུར་གྲངས་ཧ་ཅང་ཆེན་པོ་བཟུང་ཡོད་པ་རེད། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཁུལ་དེའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་མང་པོའི་ནང་འཕེལ་རྒྱས་བརྟན་པོ་བྱུང་བ་དང་མི་དམངས་ཀྱི་འཚོ་བ་དང་སྲིད་གཞུང་སྡེ་ཚན་གྱི་སྲིད་འཛིན་དོ་དམ་དང་ཐབས་ཇུས་ལས་ས་བཀྲའི་དགོས་མཁོ་ཉིན་བཞིན་ཆེ་རུ་སོང་ཡོད། བོད་ཡིག་པར་གཞིའི《ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ས་བཀྲ》ཐོག་རྨང་གཞིའི་ཚད་འཇལ་རིས་འབྲིའི་གྲུབ་འབྲས་གསར་ཤོས་ཀྱི་དཔྱད་ཡིག་སྤྱད་དེ་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་འཛིན་ཁུལ་དབྱེ་དང་། གྲོང་མིའི་སྡོད་གནས། འགྲིམ་འགྲུལ། ཆུ་རྒྱུད། ས་དབྱིབས་བཅས་དང་དེ་བཞིན་རང་བྱུང་དང་རིག་སྐྲུན་གནས་ལྗོངས་སོགས་ཁྱབ་ཚུལ་ཁྱོན་ཡོངས་ནས་མཚོན་པར་བྱས་ནས་ས་གནས་དེ་གའི་བོད་རིགས་མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གའི་གྲངས་ཉུང་མི་རིགས་ལས་བྱེད་པས་སྲིད་འཛིན་ཐབས་ཇུས་འདོན་པ་དང་ཉིན་རེའི་དོ་དམ་ཁྲོད་ཀྱི་དགོས་མཁོ་ཡང་སྐོང་ཐུབ་ཡོད། ས་བཀྲ་དེ་བཏོན་མ་ཐག་ས་གནས་དེ་གའི་འགོ་ཁྲིད་ལས་བྱེད་པ་དང་དེ་བཞིན་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཡག་པོ་ཐོབ་ཡོད་པ་རེད།
  ས་བཀྲ་དེ་བཏོན་པས་ཀན་སུའུ་ཞིང་ཆེན་གྱི་བོད་ཡིག་པར་གཞིའི་ས་བཀྲ་མེད་པའི་སྟོང་ཆ་བསྐངས་པ་དང་ཀན་སུའུ་ཞིང་ཆེན་ཚད་འཇལ་རིས་འབྲི་ཅུས་ཀྱིས་མཐའ་མཚམས་ས་ཁུལ་དང་གྲངས་ཉུང་མི་རིགས་ས་ཁོངས་ཀྱི་ཚད་འཇལ་རིས་འབྲིའི་ས་གཤིས་ཆ་འཕྲིན་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྐུལ་མ་གཏོང་བའི་གལ་ཆེའི་གྲུབ་འབྲས་གཞན་ཞིག་ཀྱང་མངོན་པ་རེད། 


འབྲེལ་ཡོད་འོས་སྦྱོར།