མཚོ་སྔོན་ཡུལ་ཤུལ་གྱི་དགོན་སྡེ་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་བདེ་བླག་ངང་སྤེལ་བཞིན་ཡོད་པ།
ལས་བཟོ་བ་རྣམས་ཀྱིས་ཡུལ་ཤུལ་སྐྱེ་རྒུ་དགོན་པའི་བསྐྱར་འཛུགས་ཡུལ་དངོས་སུ་གྲྭ་ཤག་འཛུགས་སྐྲུན་བྱེད་བཞིན་པ།
ཡུལ་ཤུལ་སྐྱེ་རྒུ་དགོན་པའི་བསྐྱར་འཛུགས་ཡུལ་དངོས།
ས་སློག་འཕྲུལ་ཆས་ཀྱིས་ཡུལ་ཤུལ་སྐྱེ་རྒུ་དགོན་པའི་བསྐྱར་འཛུགས་ཡུལ་དངོས་སུ་ལས་ཀ་བྱེད་བཞིན་པ།
ཡུལ་ཤུལ་ཁྲ་འགུ་དགོན་པའི་བསྐྱར་འཛུགས་ཡུལ་དངོས་སུ་གྲྭ་ཤག་འཛུགས་སྐྲུན་བྱེད་བཞིན་པ།
ཡུལ་ཤུལ་ཁྲ་འགུ་དགོན་པའི་བསྐྱར་འཛུགས་ཡུལ་དངོས་སུ་གྲྭ་ཤག་འཛུགས་སྐྲུན་བྱེད་བཞིན་པ།
རྒྱལ་སྲིད་སྤྱི་ཁྱབ་ཁང་དང་མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་མཛུབ་སྟོན་བསམ་འཆར་ལ་གཞིགས་ཏེ། མཚོ་སྔོན་ཡུལ་ཤུལ་གནོད་ཕྱིའི་ནང་བསྟན་དགོན་སྡེ་བསྐྱར་འཛུགས་ལ་མ་དངུལ་སྒོར་དུང་ཕྱུར9.9བཏང་། ཟླ7པའི་ཟླ་མཇུག་བར་དུ། ས་འགུལ་ཁྲོད་གནོད་སྐྱོན་ཐེབས་པའི་དགོན་པ87ལ་ས་གཤིས་རྩད་ཞིབ་དང་ཐོག་མའི་འཆར་འགོད། ཚན་རིག་ཞིབ་འཇུག ས་གཤིས་དཔྱད་འཇོག་སོགས་ཀྱི་དུས་སྐབས་སྔོན་མའི་བྱ་བ་དག་ལེགས་འགྲུབ་བྱས་ཡོད། རྒྱུས་ལོན་པ་ལྟར་ན། མིག་སྔར་དགོན་སྡེ་བསྐྱར་འཛུགས་བྱ་བ་དེ་སྤྱིའི་བཟོ་འགོད་ཀྱི་བརྒྱ་ཆའི63ལེགས་འགྲུབ་བྱུང་ཞིང་མ་དངུལ་སྒོར་དུང་ཕྱུར3ལྷག་མངོན་འགྱུར་བྱས་ཡོད།