logo

བོད་ལྗོངས་རིག་གནས་གླེང་སྟེགས་ཀྱི་ཚོགས་ཞུགས་འཐུས་མི་ཡུལ་དངོས་སུ་གཟིགས་ཞིབ་གནང་བ།

རྩོམ་པ་པོ།:དགེ་བུ། ཡོང་ཁུངས།:ཚངས་དབྱངས་དྲ་ཚིགས། དུས་ཚོད།:2011-08-23 ཀློག་གྲངས།:


ཀྲུང་གོའི་བོད་ལྗོངས་རིག་གནས་གླེང་སྟེགས་ཀྱི་ཚོགས་ཞུགས་འཐུས་མིས་བོད་ལྗོངས་དཔལ་
བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དུ་གཟིགས་ཞིབ་གནང་བཞིན་པ།


ཤེས་རབ་བཟང་པོས་ལས་ཀའི་ངོ་སྤྲོད་ཞུ་བཞིན་པ།

གཟན་དཀར་རིན་པོ་ཆེས་གསུང་བཤད་གནང་བཞིན་པ།


གཟིགས་ཞིབ་ཚོགས་པའི་འཐུས་མིས་བསྔགས་བརྗོད་གསུང་བཤད་གནང་བ།

            ཀྲུང་གོའི་བོད་ལྗོངས་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་མཐུན་ཚོགས་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། བོད་ལྗོངས་སློབ་ཆེན་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི“བོད་ལྗོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ”ཞེས་བརྗོད་བྱར་འཁོད་པའི་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་རིག་གནས་གླེང་སྟེགས་དེ་ཟླ8པའི་ཚེས20ཉིན་ལྷ་ས་རུ་སྐོངས་ཚོགས་བྱས་ཤིང་། ཟླ8པའི་ཚེས21ཉིན་གླེང་ཚོགས་མཇུག་སྒྲིལ་རྗེས།   ཚོགས་འདུར་ཞུགས་མཁན་རྒྱལ་སྤྱི་རྒྱལ་ནང་གི་མཁས་པ་དང་མཐུན་ཚོགས་ཁག་གི་ལས་འཛིན་པ་རྣམས་ཀྱིས་བོད་ལྗོངས་ཀྱི་འབྲེལ་ཡོད་རིག་གནས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད།


གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་དབུ་ཁྲིད་དང་འབྲེལ་མོལ་གནང་བཞིན་པ།

རྩིས་འཕྲུལ་ཁང་དུ་གཟིགས་ཞིབ་གནང་བ།

ཐང་ག་འབྲི་སར་གཟིགས་བཞིན་པ།


ལྷན་དུ་པར་བསྐྱོན་པ།

            སྤྱི་ཚེས22ཉིན་གྱི་སྔ་དྲོ་ཆུ་ཚོད10:30ཐོག་ཞིབ་འཇུག་ཁང་དེའི་སྤྱི་ཁྱབ་དབུ་འཛིན་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མ་དང་། བོད་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུས་ཀྱི་དབུ་འཛིན་དབང་འདུས་ལགས་ཀྱིས་སྣེ་ཁྲིད་འོག      ཚོགས་ཞུགས་འཐུས་མི་ཁག་ཅིག་བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་དུ་ཕེབས་ནས་ཞིབ་འཇུག་ཁང་དེའི་རྩིས་འཕྲུལ་ཡིག་གཏག་ཁང་དང་།  རྩོམ་སྒྲིག་ཞུ་དག་ཁང་།  ཐང་ག་རི་མོའི་སློབ་ཁང་།  རྫ་ཆས་ཐོན་ལས་ཁང་སོགས་སུ་གཟིགས་ཞིབ་གནང་ཞིང་།   ལས་ཁུངས་དེའི་ལས་དོན་ངོ་སྤྲོད་ལ་གསན་རྗེས།  ཚོགས་མི་རྣམ་པས། འགྲོ་གྲོན་དཀའ་ངལ་ཆེ་ཞིང་ཆ་རྐྱེན་ཞན་ལ། དུས་ཚོད་ཐུང་ཐུང་དེ་འདྲའི་ནང་རང་ཁ་རང་གསོའི་ཐོག་ནས་དཀའ་ངལ་ཁྱད་བསད་ཀྱིས་ཕྱག་ལས་རླབས་པོ་ཆེ་དེ་ལྟ་བུ་གནང་བར་བསྔགས་བརྗོད་དང་གདེངས་འཇོག་ཚད་མཐོ་བྱས་ཤིང་།  མཐར་དེ་གའི་ལས་ཁུངས་ཀྱི་དགེ་སློབ་ལས་བྱེད་རྣམས་དང་ལྷན་དུ་སྐུ་པར་བསྒྲོན་པ་རེད།


འབྲེལ་ཡོད་འོས་སྦྱོར།