logo

མཚོ་སྔོན་རྒྱལ་སྤྱིའི་ཐང་ཀ་སྒྱུ་རྩལ་དང་རིག་གནས་ཤུལ་བཞག་དངོས་མང་འགྲེམ་སྟོན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:བདེ་སྐྱིད་འཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་ཚིགས། དུས་ཚོད།:2011-08-21 ཀློག་གྲངས།:
              ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་མཚོ་སྔོན་རྒྱལ་སྤྱིའི་ཐང་ཀ་སྒྱུ་རྩལ་དང་རིག་གནས་ཤུལ་བཞག་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་བཞི་བ་ཟི་ལིང་གྲོང་ཁྱེར་མཁར་ནུབ་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གཟབ་རྒྱས་ངང་ཚོགས། རིག་གནས་པུའུ་ཡི་པུའུ་ཀྲང་གཞོན་པ་བང་བུན་ཀྲང་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་མ། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཁྲུང་ཡའོ། རིག་གནས་པུའུ་ཡི་གཟུགས་འདས་ཤུལ་བཞག་ཟི་ཡི་ཟི་ཀྲང་མཱ་བུན་ཧོས། རིག་གནས་པུའུ་ཐོན་ལས་ཟི་ཡི་ཟི་ཀྲང་གཞོན་པ་གོ་ཀྲིན་སོགས་དང་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་ནས་ཡོང་བའི་མགྲོན་པོ་རྣམས་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོར་ཞུགས།
              མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཅི་ཏི་མ་ཅ་ཡིས་ཤིས་ཚུག་ཕུལ། ཧྲིན་ཀྲང་གཞོན་པ་ཀྲང་ཅན་མེན་གྱིས་མཛད་སྒོར་འགོ་འཛིན་བྱས།
              ཅི་ཏི་མ་ཅ་ཡིས་ཤིས་ཚུལ་འབུལ་སྐབས་ཐོག་མར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་སྐབས་འདིའི་བྱ་འགུལ་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ཏེ་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོར་ཞུགས་པའི་འགོ་ཁྲིད་རྣམ་པ་དང་། སྐུ་མགྲོན་རྣམ་པ། ས་གནས་སོ་སོ་ནས་ཡོང་བའི་ཚོང་བ་སོགས་ལ་དགའ་བསུ་ཆེན་པོ་ཞུས། ཁོས་བཤད་རྒྱུར། མཚོ་སྔོན་རྒྱལ་སྤྱིའི་ཐང་ཀ་སྒྱུ་རྩལ་ཤུལ་བཞག་ཐོན་རྫས་འགྲེམ་སྟོན་ཚོགས་འདུ་ལོ་མང་པོར་བསྒྲུབས་ནས། མཚོ་སྔོན་དྲིལ་སྒྲོག་བྱས་པ་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་པའི་རྣམ་པ་མཚོན་པའི་འགྲེམ་སྟོན་ཞིག་ཏུ་གྱུར་ཡོད་པ་དང་། དེས་མཚོ་སྔོན་གྱི་དཔལ་འབྱོར་དང་རིག་གནས་གནས་སྐོར་སོགས་ཁྱད་ཆོས་ཐོན་རྫས་གསར་སྤེལ་དང་བེད་སྤྱོད་བྱས་ཏེ། རིག་གནས་ལས་དོན་དང་། རིག་གནས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གཙོ་བར་ཡར་སྐུལ་བྱེད་ཐུབ་ཟེར།


འབྲེལ་ཡོད་འོས་སྦྱོར།