གཅིག་སེམས་གཅིག་ལ་སྦྲེལ་ཞེས་པའི་སྒྱུ་རྩལ་ཚོགས་པས་ལྷ་སར་འཁྲབ་སྟོན་བྱས་པ།
གཟིགས་མོ་བས་ཁ་བཏགས་མཐོན་པོར་འདེགས་བཞིན་གཅིག་སེམས་གཅིག་ལ་སྦྲེལ་ཞེས་པའི་
སྒྱུ་རྩལ་ཚོགས་པར་དགའ་བསུ་བྱེད་པ།
ཟླ8པའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཅིག་སེམས་གཅིག་ལ་སྦྲེལ་ཞེས་པའི་སྒྱུ་རྩལ་ཚོགས་པ་བོད་ལྗོངས་སུ་འཚམས་འདྲིའི་འཁྲབ་སྟོན་དུ་ཕེབས་ཤིང་། ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་གླུ་ལེན་གར་རྩེད་ཀྱི་འཁྲབ་སྟོན་གཟབ་རྒྱས་ངང་ཚོགས་པ་རེད། ད་ཐེངས་ཀྱི་འཚམས་འདྲིའི་འཁྲབ་སྟོན་གྱི་བརྗོད་བྱ་ལ་གངས་ལྗོངས་སྤྲོ་གླུ་སྟེ་རྒྱལ་ཡོངས་མི་དམངས་དང་བོད་ལྗོངས་མི་དམངས་ཀྱིས་ལྷན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་འཁོར60ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་ཞེས་བྱ་ཞིང་། དེ་ནི་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཅིག་སེམས་གཅིག་ལ་སྦྲེལ་ཞེས་པའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་བྱེད་སྒོ་སྤེལ་བའི་རིང་འཁྲབ་སྟོན་མཁན་ཆེས་མང་པོའི་ཐེངས་ཤིག་ཡིན་ལ། དེ་ལས་འཁྲབ་སྟོན་པ་མང་ཤོས་བོད་ལྗོངས་ས་ཁུལ་ནས་ཡིན་པ་རེད།
ཤེས་གསལ་ལྟར་ན། ཟླ8པའི་ཚེས29ཉིན་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་དགོང་མོར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཅིག་སེམས་གཅིག་ལ་སྦྲེལ་ཞེས་པའི་སྒྱུ་རྩལ་ཚོགས་པ་བོད་ལྗོངས་སུ་འཚམས་འདྲི་འཁྲབ་སྟོན་བྱེད་པའི་ཚོགས་ར་དངོས་དེ་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྣ་འཛོམས་འཕྲིན་ལམ་ནས་གཏོང་རྒྱུ་རེད།
ཀྲུང་དབྱང་བརྙན་འཕྲིན་ཁང་གི་གཅིག་སེམས་གཅིག་ལ་སྦྲེལ་ཞེས་པའི་སྒྱུ་རྩལ་ཚོགས་པའི་མདོ་འཛིན་པ།
བོད་ཀྱི་གླུ་བ་གྲགས་ཅན་གཡུང་དྲུང་རྒྱལ་གྱིས་བཀྲ་ཤིས་པའི་གླུ་གཞས་ཞེས་པ་ལེན་པ།
བྱིས་པ་རྣམས་ཀྱིས་ལོ་ལེགས་སྙེ་མ་འདེགས་བཞིན་པ།