གེ་སར་རྟགས་ཅན་གྱི་རྐང་གྲུག་སྤོ་ལོ་འགྲན་ཚོགས་དང་གེ་སར་རྐང་གྲུག་མཐུན་ཚོགས་དབུ་ཚུགས་མཛད་སྒོ་བསྡུས་པ།
ཉེ་ལམ། དམངས་མིའི་ལས་ཁམས་བདེ་ཐང་བྱ་འགུལ་གྱི་དགོས་གལ་རང་བཞིན་དྲིལ་བསྒྲགས་བྱེད་ཆེད། མགོ་ལོག་ཁུལ་གྱིས“ཉིན་རེར་ལུས་སྦྱོང་དུས་ཚོད་གཅིག ཉིན་རེར་ཁམས་བདེས་ལས་ལ་ཞུགས། ཚེ་གང་བདེ་ཞིང་སྐྱིད་པར་འཚོ”ཞེས་པ་བརྗོད་སྙིང་བྱས་ཏེ། མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་ནས་ཐེངས་གསུམ་པའི་གེ་སར་རྟགས་ཅན་གྱི་རྐང་གྲུག་འགྲན་ཚོགས་བསྡུས།
མགོ་ལོག་ཁུལ་ཐེངས་གསུམ་པའི་གེ་སར་རྟགས་ཅན་གྱི་རྐང་གྲུག་སྤོ་ལོའི་འགྲན་ཚོགས་དང་གེ་སར་རྐང་གྲུག་མཐུན་ཚོགས་དབུ་ཚུགས་མཛད་སྒོ་མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་གྱི་ལུས་རྩལ་ར་བ་ནས་སྤེལ་ཏེ། མགོ་ལོག་ཁུལ་ཨུའི་རྒྱུན་ཨུའམ་མགོ་ལོག་ཁུལ་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཞོ་ཡེས་དང་ཀྲུའུ་ཞི་གཞོན་པ་དཔའ་མགོན། ཁུལ་རིག་གནས་ཅུས་ཀྱི་འགོ་གཙོ་བསོད་ནམས་སྐྱིད། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཝང་ཧྥིན་ཞ། གུང་གཞོན་ཚོགས་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་པདྨ་ནོར་བུ། ཁུལ་དམངས་སྲིད་ཅུས་ཀྱི་འགོ་གཙོ་གཞོན་པ་ལུན་ཧྲིག་ཞན་བཅས་མཛད་སྒོ་ལ་ཞུགས། མགོ་ལོག་ཁུལ་རིག་གནས་ཅུས་ཀྱི་འགོ་གཙོ་གཞོན་པ་བཱང་ཆུས་མཛད་སྒོ་ལ་འགོ་འཛིན་བྱས་པ་དང་རིག་གནས་ཅུས་ཀྱི་འགོ་གཙོ་བསོད་ནམས་སྐྱིད་ཀྱིས་གཏམ་བཤད་གནང་ཞིང་རྒྱུན་ཨུ་ཞོ་ཡེས་ཀྱིས་མགོ་ལོག་ཁུལ་གེ་སར་རྐང་གྲུག་མཐུན་ཚོགས་དབུ་བརྙེས་པ་ཁྱབ་བསྒྲགས་བྱས། ཁུལ་དམངས་སྲིད་ཅུས་ཀྱི་འགོ་གཙོ་གཞོན་པ་ལུན་ཧྲིག་ཞན་གྱིས་མཐུན་ཚོགས་ཀྱི་ཚོགས་རྟགས་གནང་། གེ་སར་རྐང་གྲུག་མཐུན་ཚོགས་ཀྱི་ཚོགས་གཅོ་ཚེ་རིང་དབང་འདུས་ཀྱིས་གཏམ་བཤད་གནང་བ་རེད།