བོད་ལྗོངས་ཀྱི་འགྲན་ཞུགས་པས་རྒྱལ་ཡོངས་ཀྱི་བྲག་འཛེག་ཕུལ་བྱུང་འགྲན་སྡུར་ཁྲོད་ཨང་དང་པོ་བླངས་པ།
ཟླ8པའི་ཚེས13ཉིན2011ལོའི་ཝུའུ་ཅང་ཁེ་ལས་བུམ་པ་ཞེས་པའི་རྒྱལ་ཡོངས་ཀྱི་བྲག་འཛེག་ཕུལ་བྱུང་འགྲན་སྡུར་སྐབས་བཅུ་དགུ་བའི་སྐྱེས་པའི་ཚད་རིམ་དཀའ་བའི་འགྲན་སྡུར་དང་སྐྱེས་མའི་ཐག་མེད་བྲག་འཛེག་འགྲན་སྡུར་གྱི་ནང་དུ་བོད་ལྗོངས་ཀྱི་འགྲན་ཞུགས་པ་བསོད་ནམས་རྒྱ་མཚོ་དང་རིན་ཆེན་ལྷ་མོ་གཉིས་ཀྱིས་སོ་སོའི་འགྲན་སྡུར་རྣམ་གྲངས་ཁྲོད་ཨང་དང་པོ་བླངས་པ་རེད།

རིན་ཆེན་ལྷ་མོས་སྐྱེས་མའི་ཐག་མེད་བྲག་འཛེག་
འགྲན་སྡུར་གྱི་ཨང་དང་པོ་བླངས་པ།
བསོད་ནམས་རྒྱ་མཚོས་སྐྱེས་པའི་ཚད་རིམ་དཀའ་བའི་
འགྲན་སྡུར་གྱི་ཨང་དང་པོ་བླངས་པ།
ཀྲུང་གོའི་རི་འཛེག་མཐུན་ཚོགས་དང་། ཁྲུང་ཆིང་གྲོང་ཁྱེར་ལུས་རྩལ་ཅུའུ། ཁྲུང་ཆིང་གྲོང་ཁྱེར་ཆིའུ་དབྱང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་གནང་བའི2011ལོའི་ཝུའུ་ཅང་ཁེ་ལས་བུམ་པ་ཞེས་པའི་རྒྱལ་ཡོངས་ཀྱི་བྲག་འཛེག་ཕུལ་བྱུང་འགྲན་སྡུར་སྐབས་བཅུ་དགུ་པ་ཚེས12ཉིན་འགོ་བརྩམས་ཤིང་། ཉིན་གསུམ་གྱི་རིང་ལ། པེ་ཅིང་དང་། ཧྲང་ཧའེ། ཁྲུང་ཆིང་། ཧྲན་ཏུང་། ཀོང་ཏུང་། ཅང་ཞི། ཧྲན་ཞི། ཅང་སུའུ། སི་ཁྲོན། ཨན་ཧུའེ། ཧུའུ་ནན། བོད་ལྗོངས། ཞང་ཀང་སོགས་ས་ཁུལ150ནས་ཡོང་བའི་རི་འཛེག་འགྲན་ཞུགས་པ་རྣམས་ཆིའུ་དབྱང་དུ་འཛོམས་ནས་སྐྱེས་པ་དང་སྐྱེས་མའི་བྲག་འཛེག་འགྲན་སྡུར་ལ་ཞུགས་པ་དང་། འགྲན་སྡུར་དུ་ཁྱོན་སྡོམ་ཕོ་མོའི་འགྲན་སྡུར་རྣམ་གྲངས6ཡོད་པ་རེད།
