logo

མཚོ་སྔོན་དང་ཧེ་ནན་ཞིང་ཆེན་ཀྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་གྱི་བཞུགས་མོལ་ཚོགས་འདུ།

རྩོམ་པ་པོ།:བཀྲ་ཤིས་འབུམ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། དུས་ཚོད།:2011-08-15 ཀློག་གྲངས།:

             མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཚེས11ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་དང་ཧེ་ནན་ཞིང་ཆེན་གཉིས་ཀྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཧེ་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིན་ཧྥང་ལོས་ཀྱིས་ཁྲིད་པའི་ཧེ་ནན་ཞིང་ཆེན་གྱི་རྟོག་ཞིབ་ཚོགས་པས་ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཚོགས་ཞུགས་མི་སྣ་དང་མཉམ་དུ་བཞུགས་མོལ་བྱས་ཏེ། ས་ཁུལ་གཉིས་ཀྱིས་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་གནས་པའི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། མཚོ་སྔོན་ཞིང་ཆེན་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མ་ཧྲོན་ཆིན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་གནང་བ་རེད།
             བཞུགས་མོལ་ཚོགས་འདུའི་སྟེང་མ་ཧྲོན་ཆིན་གྱིས་བཤད་རྒྱུར། ཧེ་ནན་ཞིང་ཆེན་ནི་རང་རྒྱལ་དུ་ཆེས་ཆེ་བའི་དཔལ་འབྱོར་དམིགས་བསལ་ས་ཁུལ་ཞིག་ཡིན་ལ། བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་དོ་དམ། ལམ་ལུགས་གསར་སྐྲུན་སོགས་ཀྱི་ཕྱོགས་སུ་སྤོབས་པ་ཆེན་པོས་འཚོལ་ཞིབ་དང་གསར་སྐྲུན་བྱས་ནས་ཉམས་དགའ་བའི་གྲུབ་འབྲས་བླངས་ཡོད་པ་དང་། ལྷག་པར་དུ་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བའི་ཁྲོད་དུ་ཉམས་མྱོང་བཟང་བོ་དང་སྒྲུབ་སྟངས་གསར་བ་ཐོབ་ཡོད་པས། ང་ཚོས་ཕྱིན་ཆད་ཧེ་ནན་ཞིང་ཆེན་གྱི་སྨན་རྫས་བཅོས་སྒྱུར་བྱ་བའི་ཉམས་མྱོང་དང་སྒྲུབ་སྟངས་གསར་བ་དཔྱད་གཞིར་བཟུང་སྟེ་མཚོ་སྔོན་ཞིང་ཆེན་གྱི་སྨན་རྫས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་བྱ་བ་བཟང་བོར་བསྒྲུབ་ནས་གྲུབ་འབྲས་ཆེན་པོ་ལེན་དགོས་ཟེར། །


འབྲེལ་ཡོད་འོས་སྦྱོར།