logo

སྐབས་གཉིས་པའི《ཚེ་སྲོག་འབྱུང་ཡུལ་གྱི་བསྟོད་གླུ》ཞེས་པའི་མཉམ་དཀྲོལ་རོལ་ཚོགས་ཚོགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-10 ཀློག་གྲངས།:


སྐབས་གཉིས་པའི《ཚེ་སྲོག་འབྱུང་ཡུལ་གྱི་བསྟོད་གླུ》ཞེས་པའི་མཉམ་དཀྲོལ་རོལ་ཚོགས་
མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཚོགས་པ།

  ཟླ8པའི་ཚེས9ཉིན། སྐབས་གཉིས་པའི་གསེར་གཙོད་རྟགས་མའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོའམ《ཚེ་སྲོག་འབྱུང་ཡུལ་གྱི་བསྟོད་གླུ》ཞེས་པའི་མཉམ་དཀྲོལ་རོལ་ཚོགས་མཚོ་སྔོན་པའི་འགྲམ་རྒྱུད་ཀྱི་སྙན་ངག་ཐང་ཆེན་དུ་ཚོགས་པ་རེད། སྐབས་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རིན་ནམ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཡང་ན་དྲིལ་སྒྲོག་པུའི་པུའུ་ཀྲང་ཅི་ཏེ་མ་ཅས་ལི་ཐུ་ཝན་ནས་ཡོང་བའི་སྙན་ངག་པ་ཐའོ་མ་སི་ཝུན་ཚི་ལོ་བར་གསེར་གཙོད་རྟགས་མའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་བྱ་དགའ་ཐོབ་པ་ཁྱབ་བསྒྲགས་བྱས་པ་དང་མཉམ་དུ་ཁོང་ལ་བྱ་དགའ་གནང་བ་རེད།


ལི་ཐུན་ཝན་གྱི་སྙན་ངག་པ་གྲགས་ཅན་དང་། མཁས་པ། ལོ་ཙྰ་བ་ཐའོ་མ་སི་ཝུན་ཚི་ལོ་བར་
གསར་གཙོད་རྟགས་མའི་བྱ་དགའ་ཐོབ་པ།

  ཅི་ཏེ་མ་ཅས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ཐེངས་འདིའི་བྱ་དགའ་ཐོབ་མཁན་འདེམས་པར་རྒྱལ་ཁབ་ཕྱི་ནང་གི་དཔྱད་འདེམས་པ13གྱིས་ཟླ་འགའི་རིང་མིང་འདོན་པ་དང་། བརྟག་ཞིབ་བྱེད་པ། བརྩམས་ཆོས་ཞིབ་བསྡུར་བྱེད་པ་སོགས་གོ་རིམ་རབ་དང་རིམ་པ་བརྒྱུད་མཐར། མིང་མི་འགོད་པར་འདེམས་ཤོག་འཕངས་ནས་སྐབས་གཉིས་པའི་གསེར་གཙོད་རྟགས་མའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་བྱ་དགའ་ཐོབ་མཁན་བདམས་པ་ཡིན་ཟེར།  ཐའོ་མ་སི་ཝུན་ཚི་ལོ་བ་ནི་མངོན་སུམ་གྱི་མཛད་རྗེས་ཆེན་པོ་ཡོད་པ་ཞིག་ཡིན་ལ། ཁོང་གིས་སྙན་ངག་ལ་བརྟེན་ནས་འཚོ་བའི་ཁྲོད་ཀྱི་གནག་ཕྱོགས་ལ་སུན་འབྱིན་བྱེད་པ་དང་། ལོ་རྒྱུས་འགན་འཁྲི་དང་ཚེ་སྲོག་གི་འགན་འཁྲི་ནི་ཁོའི་སྙན་ངག་ཁྲོད་ཀྱི་དབྱངས་རྟ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཁོང་གིས་སྙན་ངག་བརྒྱུད་ནས་རང་ཉིད་ཀྱི་ཉམས་མྱོང་དང་མེས་རྒྱལ་གྱི་ལས་དབང་གཅིག་ཏུ་སྦྲེལ་ཏེ་འཛམ་གླིང་ལ་ཁྱད་དུ་འཕགས་པའི་འབོད་སྒྲ་བསྒྲོགས་པ་དང་། དུས་རབས་ཕྱེད་ཀའི་ནང་དུ་སྙན་ངག་གསར་རྩོམ་དང་རིག་གཞུང་ཞིབ་འཇུག་གི་བརྒྱུད་རིམ་ཁྲོད། ཁོང་གིས་བརྩམས་ཆོས་མང་བོ་སྤེལ་བར་བརྟེན་ལི་ཐུ་ཝན་གྱི་རིག་གནས་ཀྱི་མཚོན་བྱེད་མི་སྣ་ཞིག་ཏུ་གྱུར་ཡོད་པ་རེད།
  བྱ་དགའ་གནང་བའི་མཛད་སྒོ་མཇུག་སྒྲིལ་རྗེས། སྐབས་གསུམ་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ལ་ཞུགས་པའི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན200ལྷག་གིས་ཞིང་ཆེན་མི་རིགས་གླུ་གར་ཁང་མཉམ་དཀྲོལ་ཚོགས་པས་དཀྲོལ་བའི《ཚེ་སྲོག་འབྱུང་ཡུལ་གྱི་བསྟོད་གླུ》ཞེས་པའི་མཉམ་དཀྲོལ་རོལ་མོ་རྣ་བས་ལོངས་སུ་སྤྱད་པ་དང་། ཞི་དྲག་རིམ་འཕེལ་གྱི་འགྱུར་ཁུགས་ཀྱིས་སྙན་ངག་པ་རྣམས་ཀྱི་ཡིད་སེམས་དུས་གྱུར་ཅིག་ཉིད་དུ་སུམ་རྩེན་ལྟ་བུའི་མཚོ་སྔོན་པོའི་འགྲམ་རྒྱུད་དུ་ཀུན་ནས་མྱོས།
  མཉམ་དཀྲོལ་རོལ་ཚོགས་མཇུག་སྒྲིལ་རྗེས་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པ་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་སྙན་ངག་གི་གྱང་ལྡེབས་སུ་མིང་རྟགས་བཀོད་པ་རེད།


《ཚེ་སྲོག་འབྱུང་ཡུལ་གྱི་བསྟོད་གླུ》ཞེས་པའི་མཉམ་དཀྲོལ་རོལ་ཚོགས་ཚོགས་བཞིན་པ།


འབྲེལ་ཡོད་འོས་སྦྱོར།