logo

རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོས་ཚོང་རྟགས་ཐོ་འགོད་བྱས་པ།

རྩོམ་པ་པོ།:བསྟན་འཛིན་དབང་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-08 ཀློག་གྲངས།:


ཨ་སྐྱིད་རོང་གི་ལྕུམ་རྩའི་ཚོང་རྟགས།

            སི་ཁྲོན་ཞིང་ཆེན་མཛོད་དགེ་རྫོང་ཨ་སྐྱིད་རོང་ཡུལ་ཚོས་ཨ་སྐྱིད་རོང་གི་ལྕུམ་རྩ་དང་སྟོད་པའི་སྣུམ་ནག་གི་མིང་རྟགས་ཚོང་རྟགས་ཐོ་འགོད་བྱས་པ་ལེགས་འགྲུབ་བྱུང་བས། ཞིང་འབྲོག་མི་དམངས་དང་ཚོང་ར་འབྲེལ་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་འགྲོ་བར་ཕན་པ་ཆེན་པོ་ལྡན་པ་རེད།

 


སྟོད་པའི་སྣུམ་ནག

            མིག་སྔར། ཡུལ་ཚོ་དེའི་མོང་གཅིག་སྟོང་ལྔ་བརྒྱ་ལྷག་གི་སྤུས་ལེགས་སྣུམ་ནག་འདེབས་འཛུགས་རྟེན་གཞི་དང་ཁྱད་ཆོས་ལྡན་པའི་ཚོད་མ་འདེབས་འཛུགས་རྟེན་གཞི་མོང་ལྔ་བརྒྱ་དང་སུམ་ཅུ་འཛུགས་གཉེར་བྱས་པ་དང་། ཟླ་དགུ་བའི་ནང་མོང་སྟོང2600ལྷག་གི་ལྕུམ་རྩ་འདེབས་འཛུགས་བྱེད་པ་གསར་འཛུགས་བྱེད་པའི་རྨང་གཞིའི་སྟེང་ཡང་བསྐྱར་མོང་སྟོང་གཅིག་འདེབས་བྱས་པས། ཁྱད་ཆོས་ལྡན་པའི་འདེབས་འཛུགས་ལས་རིགས་ཀྱིས་མང་ཚོགས་ཡོང་སྒོ་ཇེ་མང་དུ་གཏོང་བར་ཡར་སྐུལ་གཏོང་ངེས་རེད།


འབྲེལ་ཡོད་འོས་སྦྱོར།