logo

པེ་ཅིང་ནས་བལ་བོ་དང་འབྲུག་ཡུལ་གྱི་ཐང་ག་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-08-05 ཀློག་གྲངས།:



ཤཱཀྱ་མུ་ནེའི་ཞལ་ཐང་།

  ཉེ་ལམ་བལ་བོ་དང་འབྲུག་ཡུལ་གྱི་ཐང་ག་འགྲེམ་སྟོན་དེ་པེ་ཅིང་གི་ཧོང་ཁྲེང་སྒྱུ་རྩལ་ཁང་ནས་དངོས་སུ་བཀྲམ་པ་རེད། འགྲེམ་སྟོན་དུ་འབྲུག་ཡུལ་དང་། བལ་བོ། ཀྲུང་གོའི་བོད་ལྗོངས་བཅས་ནས་ཡོང་བའི་ཐང་ག་ཕུལ་བྱུང60ལྷག་འགྲེམ་སྟོན་བྱས་ཡོད།
  རྒྱུས་ལོན་པ་ལྟར་ན། ཕུལ་དུ་བྱུང་བའི་ཐང་ག་འདི་དག་ནི་བལ་བོ་དང་། འབྲུག་ཡུལ། ཀྲུང་གོའི་བོད་ལྗོངས་བཅས་ཀྱི་ལྷ་རིས་བས་བཞེངས་པའི་ཐང་ག་ཡིན་པ་རེད། ངོ་སྤྲོད་བྱས་པ་ལྟར་ན། ཐང་ག་འདི་དག་བཟོ་བཞེངས་ཀྱི་རྩལ་ཧ་ཅང་ཕུན་སུམ་ཚོགས་ཤིང་། རས་གཞི་ཐམས་ཅད་བཟོ་རྩལ་ཁྱད་པར་ཅན་ལ་བརྟེན་ནས་བཟོས་པ་དང་། ཁ་དོག་ནི་རྒྱ་མཚལ་དང་། མུ་ཏིག  བྱུ་རུ།   གཡུ་སྔོན་བཅས་རིན་པོ་ཆེའི་རིགས་དང་། རྩི་ཤིང་གི་རིགས། སྨན་རྩྭའི་རིགས། སྲོག་ཆགས་ཀྱི་རིགས། གསེར་དངུལ་གྱི་རིགས་སོགས་ཚོན་རྫས་སུ་བྱས་ནས་ལྷ་རིས་བས་དངོས་སུ་སྡེབ་སྦྱོར་བྱས་པ་ཡིན་ལ། མི་རབས་ནས་མི་རབས་སུ་བརྒྱུད་པའི་ཐང་ག་དེ་ལོ་བརྒྱ་ཕྲག་དུ་མ་སོང་ཡང་གཟི་མདངས་མི་ཉམས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།


སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་།


འབྲེལ་ཡོད་འོས་སྦྱོར།