logo

ཀ་རིང་རྟ་མགྲིན་གྱིས་ཀྲུང་དབྱང་བརྙན་འཕྲིན《དམངས་གླུ་ཀྲུང་གོ》ལེ་ཚན་གྱི་བཅར་འདྲི་དང་ལེན་བྱས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-02 ཀློག་གྲངས།:


ཀ་རིང་རྟ་མགྲིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གླུ་གཞས་ལེ་ཚན་དུ་གདན་ཞུ་བྱས་པ།
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)

            ཉེ་ལམ་གདན་ཞུ་བྱས་པ་ལྟར་ཀ་རིང་རྟ་མགྲིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གླུ་གཞས་ལེ་ཚན་གྱི་གར་སྟེགས་སུ་བུད་ཅིང་།   མདོ་འཛིན་པས་ཕབ་སྐྲུན་ཡུལ་དངོས་སུ་བོད་རིགས་གླུ་བ་ཀ་རིང་རྟ་མགྲིན་ལ་བཅར་འདྲི་བྱས་པ་རེད།  
            ཀ་རིང་རྟ་མགྲིན་གྱིས་བཤད་རྒྱུར།   གཟིགས་མོ་བ་ལྷན་རྒྱས་ཡུལ་དངོས་སུ་ཡོང་སྟེ་བདག་ལ་སེམས་ཤུགས་བསྐྱེད་པར་དངོས་གནས་ཐུགས་རྗེ་ཆེ་ཞུ་བ་དང་ང་རང་ལ་མཚོན་ན་ཧ་ཅང་ཡིད་འགུག་ཐེབས་པ་ཞིག་རེད་ཟེར།  ཉེ་ལམ།  ཀ་རིང་རྟ་མགྲིན་བརྙན་ཕབ་བྱེད་ལ་ཉེ་བའི་མུ་འབྲེལ་བརྙན་འཕྲིན་ཆེན་མོ《བོད་ལྗོངས་ཀྱི་གསང་བ》ནང་འཁྲབ་སྟོན་པ་གཙོ་བོ་བྱེད་པའི་འཁྲབ་གཞུང་ཞིབ་ཀློག་དང་སློབ་སྦྱོང་བྱེད་བཞིན་ཡོད་ལ།   འདི་ནི་ཁོ་རང་ལ་མཚོན་ན་ཐོག་དང་པོ་ཡིན་པས་སེམས་ལ་སྣོན་ཤུགས་ཡོད་པ་རེད། 


མདོ་འཛིན་པས་ཕབ་སྐྲུན་ཡུལ་དངོས་སུ་བོད་རིགས་གླུ་བ་ཀ་རིང་རྟ་མགྲིན་ལ་བཅར་འདྲི་བྱེད་པ། 
(པར་རིས་ཡོང་ཁུངས།  བོད་མིའི་རིག་གནས་དྲ་བ།)

            རྒྱུས་ལོན་བྱས་པ་ལྟར་ན་ད་ལོར་ཁོ་རང་གླུ་གཞས་ཕྱོགས་སུའང་བརྩོན་པ་བྱེད་ཀྱི་འདུག་ལ།  མིང་དུ་གྲགས་པའི་གཞས་མཁན་དང་མཉམ་འབྲེལ་སྒོས《གུ་གེ་རྒྱལ་རབས》ཞེས་པའིMVསྒྲིག་བཟོ་བྱེད་ཀྱི་ཡོད་ཅིང་ལོ་མཇུག་ལ་ཡོངས་སུ་ལེགས་འགྲུབ་བྱེད་རྒྱུ་ཡིན་པ་རེད།   དེ་མིན་འཁྲབ་ཁྲིད་པ་ག་གེ་མོ་དང་གློག་བརྙན་མ་དངུལ་གཏོང་མཁན་གཉིས་ཀྱིས་ཀ་རིང་རྟ་མགྲིན་གྱི《གུ་གེ་རྒྱལ་རབས》ཞེས་པའིMVལ་སྤྲོ་བ་ཆེན་པོ་བསྐྱེད་ཀྱི་ཡོད་པ་དང་།   གློག་བརྙན་གྱི་བརྗོད་བྱའི་གླུ་གཞས་ཕྱོགས་སུ་ཀ་རིང་རྟ་མགྲིན་དང་མཉམ་འབྲེལ་བྱེད་པའི་རེ་བ་བཅངས་ཡོད་པ་རེད་ཟེར།  
            ལེ་ཚན་ཕབ་སྐྲུན་ཡུལ་དངོས་སུ།  ཀ་རིང་རྟ་མགྲིན་གྱིས《གངས་ལྗོངས་ཀྱི་རྨི་ལམ་ལྗང་ཁུ》དང་།   《བོད་ཡིག་དབྱངས་གསལ》།  《ཉིན་དེ་དང་ཟླ་དེ》། 《ང་རང་ཕྱིན་པ་ནི་ཕྱིར་སླེབས་པའི་ཆེད་ཡིན》།   《སྙན་འཇེབས་ཀྱི་བརྩེ་སེམས》སོགས་རང་གི་གླུ་གཞས་བརྩམས་ཆོས་བླངས་པ་རེད།  


འབྲེལ་ཡོད་འོས་སྦྱོར།