དཔའ་རིས་རྫོང་དུ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་མི་ཁྲིའི་སྐོར་བྲོའི་དགོང་ཚོགས་ཚོགས་པ།

དཔའ་རིས་རྫོང་དུ་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན་གྱི་མི་ཁྲིའི་སྐོར་བྲོའི་སྤྲོ་ཚོགས་འཚོགས་བཞིན་པ།
ཟླ 7 པའི་ཚེས 31 ཉིན་གྱི་དགོང་མོར། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གི་མཐུན་སྒྲིལ་སྲང་ལམ་གྱི་ལུས་རྩལ་ཐང་ཆེན་དུ་ཚོན་དར་གཡོ་བཞིན་འདུག བོད་དང་ཧོར། ཧུའེ་རིགས་སོགས་ལུས་སུ་ཚོན་མདོག་སྣ་ལྔའི་གྱོན་གོས་རྒྱན་ཆ་སྤྲས་པའི་མི་རྣམས་ཀྱི་གདོང་ལ་དགའ་སྤྲོའི་འཛུམ་མདངས་མངོན་བཞིན། ཕྱོགས་སོ་སོར་དུས་ཆེན་གྱི་སྤྲོ་དགའི་རྣམ་པས་རབ་ཏུ་ཁེངས་འདུག “ཏུན་ཧོང་དུ་སྐྱོད་པ་སྟེ། དར་གོས་ཚོང་ལམ་གྱི་རྒྱལ་སྤྱིའི་ཡུལ་སྐོར་དུས་ཆེན” གྱི་བྱ་འགུལ་རབ་དང་རིམ་པའི་ཡ་གྱལ་དཔའ་རིས་རྫོང་གི་མི་ཁྲིའི་སྐོར་བྲོ་འཁྲབ་སྟོན་ཞེས་པ་གནས་དེ་ནས་གཟབ་རྒྱས་ངང་ཚོགས་པ་རེད། ཧྲི་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲི་ཀྲང་ཀོ་ཁྲེང་ལུའུ་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་ཞུས་ཝུན་ཧྲན། ཧྲི་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཁྱབ་བསྒྲགས་པུའུ་ཡི་པུའུ་ཀྲང་ཚའོ་ཡུང་ཅན། གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང་གི་གཙོ་འཛིན་གཞོན་པ་ཏིང་ཡའོ་ཆིང་། ཧྲི་ཀྲང་གཞོན་པ་ཀྲོའུ་ཞའོ་ཧུང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྥང་ཧྲེང་ཡོན། རྫོང་ཨུའི་ཧྲུའུ་ཅི་དབྱང་ཏི་ཀྲུང་། རྫོང་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ཨུ་ལྷན་ཁང་གི་གཙོ་འཛིན་ཝང་ཡོན་ལིན། རྫོང་ཨུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་མ་ཀུའོ་རུང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཧོ་ཝན་ཞུང་སོགས་རྫོང་གི་ཚན་ཁག་ཆེན་པོ་བཞི་ཡི་དབུ་ཁྲིད་དང་རིགས་སོ་སོའི་དབུ་ཁྲིད་དང་མང་ཚོགས་ཀྱིས་འཁྲབ་སྟོན་ལ་གཟིགས་མོ་གནང་བ་རེད།

ལུས་ལ་རྒྱན་ཆས་སྤྲས་པའི་དཔའ་རིས་མང་ཚོགས་སྤྲོ་ཚོགས་ལ་རོལ་བཞིན་པ།
དགོང་མོའི་ཆུ་ཚོད་བདུན་དང་ཕྱེད་ཀའི་སྟེང་དུ། མི་ཁྲིའི་སྐོར་བྲོའི་འཁྲབ་སྟོན་དངོས་སུ་འགོ་བརྩམས་པ་རེད། དགའ་སྤྲོའི་དབྱངས་རྟའི་ཁྲོད་དུ་ལུས་རྩལ་ཐང་ཆེན་གང་བོ་སྤྲོ་དགས་རབ་ཏུ་ཁེངས་ཤིང་། གོང་རྒན་པ་སྐྲ་དཀར་ནས་འོག་ལོ་ཉུང་བྱིས་པའི་བར་ཡོད་ཚད་ཀྱིས་དབྱངས་རྟ་དང་འགྲོགས་ནས་ཞབས་བྲོ་འཁྲབ་བཞིན་སྤྲོ་དགས་རབ་ཏུ་ཁེངས་འདུག ན་གཞོན་ཕོ་མོ་རྣམས་ཀྱིས་ལྷག་ཏུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་ནས་སྐོར་བྲོ་ལ་རོལ་བས། ཁོང་ཚོའི་གར་གྱི་སྟངས་སྟབས་ལས་མཛེས་སྡུག་ལྡན་པའི་མ་འོངས་པར་རེ་སྙེག་བྱེད་བཞིན་པ་མཚོན་པ་མ་ཟད། དཔའ་རིས་རྫོང་གི་རིགས་སོ་སོའི་བུ་བུ་མོ་ཁྲི 23གྱིས་ཕྱོགས་བཞིའི་མགྲོན་པོར་བསུ་མ་བྱས་ཏེ་མཉམ་དུ་དུས་སྟོན་ལ་རོལ་བའི་སེམས་འདུན་མཚོན་པར་བྱས་པ་རེད།
དགོང་མོའི་ཆུ་ཚོད་དགུ་ཡི་སྟེང་དུ། སྐར་འོད་ལམ་ལམ་འཚེར་བའི་མཁའ་དབྱིངས་འོག་ཏུ། མཐུན་སྒྲིལ་སྲང་ལམ་གྱི་ལུས་རྩལ་ཐང་ཆེན་དང་ཐ་ན་དཔའ་རིས་རྫོང་མཁར་ཡོངས་རྫོགས་གླུ་གར་གྱི་རྒྱ་མཚོར་གྱུར་འདུག མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཤིན་ཧྭ་དྲ་བ། ཀན་སུའུ་ཉིན་རེའི་ཚགས་པར་ཁང་། ཀན་སུའུ་བརྙན་འཕྲིན་ཁང་། ཀན་སུའུ་རླུང་འཕྲིན་ཁང་། ཉིན་རེའི་ཀན་སུའུ་དྲ་བ། ཐེང་ཞུན་དྲ་བ། ཞིན་ལང་དྲ་བ་སོགས་སྨྱན་སྦྱོར་ཆེན་མོ་ཁག་སོ་སོས་གཟབ་རྒྱས་ཀྱི་མཛད་སྒོ་འདི་ཐད་གཏོང་བྱས་པ་རེད།
