logo

བོད་ལྗོངས་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་དུས་ཆེན་སྐབས་དང་པོ་ཚོགས་པ།

རྩོམ་པ་པོ།:ལྗོན་སྨྱུག ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2011-08-01 ཀློག་གྲངས།:


བོད་ལྗོངས་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་དུས་ཆེན་སྐབས་དང་པོ།

སྲོལ་རྒྱུན་གླུ་གར་གྱི་སྟེང་ནས་ཀོང་པོའི་མི་རིགས་ཀྱི་གནའ་བོའི་རིག་གནས་ཀུན་ལ་སྟོན་པ།

  ཟླ7པའི་ཚེས29ཉིན་བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་ནས་ཀོང་པོ་རྒྱ་མདའ་རྫོང་མི་དམངས་སྲིད་གཞུང་དང་། ཉིང་ཁྲི་ས་ཁུལ་གྱི་ཡུལ་སྐོར་ཅུའུ། ཉིང་ཁྲི་ས་ཁུལ་གྱི་ཚོང་ལས་ཅུའུ། ཉིང་ཁྲི་ས་ཁུལ་གྱི་རིག་གནས་བརྒྱུད་སྒྲོག་ཅུའུ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཙོ་སྒྲུབ་གནང་བའི“ཉིང་ཁྲིའི་མཛེས་ལྗོངས་ལ་ལྟ་བ་དང་། ཁམས་གསོའི་ཟས་མཆོག་ལ་མྱོང་བ”ཞེས་པའི་བོད་ལྗོངས་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་དུས་ཆེན་སྐབས་དང་པོ་དང་བྲག་གསུམ་མཚོ་ཀོང་པོའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བདུན་པ་གཟབ་རྒྱས་ངང་ཚོགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་ཀོང་པོའི་མི་རིགས་ཁག་གི་མང་ཚོགས་ཀྱིས་གནས་དེའི་རབ་མཛེས་མཐིང་མདོག་གི་རི་ཀླུང་དང་སྔོ་ཞིང་དྭངས་པའི་གཙང་པོའི་ཁྲོད་ནས་མི་རིགས་ཀྱི་གླུ་གར་ལ་ལྟ་ཞིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གོམས་སྲོལ་ལ་རོལ་བཞིན་ཉིང་ཁྲིའི་ཤ་མོ་མོ་བྱའི་ཟས་མཆོག་གི་བྲོ་བ་མྱོང་བཞིན་ཡོད།
  ད་ཐེངས་ཀྱི“ཤ་མོ་མོ་བྱའི་ཟས་མཆོག་རིག་གནས་དུས་ཆེན”དང“ཀོང་པོའི་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན”སྐབས་སུ། དངོས་ཟོག་བརྗེ་རེས་དང་། “ཞིམ་མངར་ཟས་དེ་གཡོས་སྦྱོར་རྩལ་ལ་དབང”ཞེས་པའི་ཤ་མོ་མོ་བྱའི་ཟས་མཆོག་གཡོས་སྦྱོར་ལག་རྩལ་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་། དུས་དེར་ཡུལ་སྐོར་བས་ཡུལ་དེའི་ཐུན་མོང་མ་ཡིན་པའི་ཚོང་རྫས་ཕུན་སུམ་ཚོགས་པ་ཞིག་ཉོ་ཐུབ་པ་མ་ཟད། ད་དུང་ཡིད་དུ་འོང་བའི་བྲག་གསུམ་མཚོའི་མཛེས་ལྗོངས་དང་། ཀོང་པོ་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། རྣམ་པར་བཀྲ་བའི་རྒྱན་གོས་ངོམ་སྟོན། གླུ་གར་འཁྲབ་སྟོན་སོགས་མངོན་སུམ་དུ་ཉམས་སུ་མྱོང་ཐུབ་པ་ཡིན།
        ཤེས་གསལ་ལྟར་ན། བྱེད་སྒོ་འདི་ཟླ9བའི་ཚེས6ཉིན་བར་སྤེལ་རྒྱུ་ཡིན་པ་དང་། ཚོད་དཔག་བྱས་ན་དེའི་རིང་དུ་ཡུལ་སྐོར་བ་ཧ་ལམ་ཁྲི30ཙམ་དུས་སྟོན་ཆེན་མོ་འདིར་ཞུགས་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།