མདོ་སྨད་རྡོ་སྦིས་ཡུལ་གྱི་ལབ་ཙེ་བསྟོད་པའི་དམངས་སྲོལ་བྱ་འགུལ།
དུང་འབུལ་པ་དང་ལྷན་དུ་རླུང་རྟ་སྤར་བ།
མདོ་སྨད་རྡོ་སྦིས་ས་ཆ་ནི་ས་བཅུད་ལེགས་ཤིང་རང་བྱུང་བཀོད་པ་ལྟ་ན་སྡུག་པ་དང་། མི་རིགས་ཀྱི་ཆོས་ལུགས་རིག་གནས་ཕུན་སུམ་ཚོགས་པའི་གནས་ཁྱད་འཕགས་ཅན་ཞིག་ཡིན་ཏེ། མིང་དུ་གྲགས་པའི་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་མཁས་ཅན་དུ་མ་གནས་མ་འདི་རུ་འཁྲུངས་པ་རེད།
ལབ་ཙེ་བསྟོད་པའི་ཡུལ་དངོས་ཀྱི་རྣམ་པ།
ལབ་ཙེ་བསྟོད་པའི་དུས་ཆེན་འདི་ནི་མདོ་སྨད་རྡོ་སྦིས་ས་ཁུལ་གྱི་དམངས་ཁྲོད་དད་མོས་རིག་གནས་ཀྱི་བྱ་འགུལ་ཆེན་པོ་ཞིག་ཡིན་ཞིང་། མདའ་ཤིང་བསྟོད་པ་དང་། དར་ལྕོག་འདོགས་པ། རླུང་རྟ་སྤར་བ། ལྷ་བསང་མཆོད་པ་སོགས་བྱས་ཏེ་དགག་བར་ཆད་སེལ་པར་བྱེད་ཀྱི་ཡོད།
མདོ་སྨད་རྡོ་སྦིས་ས་ཁུལ་གྱི་ལབ་ཙེ་བསྟོད་པའི་དུས་ཆེན།
རྡོ་སྦིས་ལབ་ཙེ་ནི་སྒོ་རིས་གྲྭ་ཚང་དགའ་ལྡན་ཆོས་འཕེལ་གླིང་དགོན་པའི་དགེ་བཤེས་ཤེས་རབ་རྒྱ་མཚོའི་རྗེས་དྲན་ཁང་གི་བྱང་ཕྱོགས་འོད་ཟེར་ཅན་ས་ཁུལ་དུ་ཡོད་ཅིང་ཆེད་དུ་ལབ་ཙེ་བསྟོད་པའི་གནས་ཤིག་ཡིན། འདི་ནི་གུང་ཐང་སྐུ་ཕྲེང་བདུན་པ་བསྟན་པའི་དབང་ཕྱུག་གིས་དངོས་སུ་ཆོ་གའི་རབ་གནས་མཛད་པ་ཡིན་ལ། རྡོ་སྦིས་ལབ་ཙེ་འདི་ནི་ཨ་མདོ་ས་ཁུལ་དུ་གཞི་རྒྱ་ཆེས་ཆེ་བའི་གྲས་ཤིག་ཡིན།
རླུང་རྟ་སྤར་བཞིན་པ།
རྡོ་སྦིས་ཡུལ་གྱི་དྲུག་པའི་ལབ་ཙེའམ་དྲུག་པའི་ཤིང་སློང་ནི་ལོ་རེའི་ཟླ6ཚེས15ཉིན་བསྟོད་པ་ཡིན་ལ། ཉེ་རིང་སྡེ་མི་སོ་སོས་ཤོམ་ལྭ་གྱོན་ནས་སྒོ་རིས་དགོན་དུ་འཛོམས་ཤིང་། ཐོག་མར་གྲྭ་བ་རྣམས་ཀྱིས་ཆོས་འདོན་པའི་ཆོ་ག་སྒྲུབ་པ་དང་། དེ་ནས་རིམ་བཞིན་སྡེ་མིའི་སྐྱེས་པ་རྣམས་ཀྱིས་མདའ་ཤིང་བསྟོད་པ་དང་དར་ལྕོག་འདོགས་པ། “ལྷ་རྒྱལ་ལོ”ཞེས་རླུང་རྟ་སྤར་བ་བཅས་བྱས་ཏེ་ལབ་ཙེ་བསྟོད་པའི་རྣམ་པ་དེ་སྤྲོ་སིང་ངེར་བྱེད་པ་རེད།