logo

རྔ་བ་ཁུལ་གྱི་མི་རིགས་རྟ་རྒྱུགས་འགྲན་ཚོགས་ཧུང་ཡོན་རྫོང་ནས་གཟབ་རྒྱས་ངང་འཚོགས།

རྩོམ་པ་པོ།:རྡོ་རྗེ་སེམས་དཔའ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-07-25 ཀློག་གྲངས།:


ཚབ་བྱེད་རུ་ཁག་ཚོགས་རར་སླེབས་པ།
 

            ཟླ7པའི་ཚེས21ཉིན་གྱི་སྔ་དྲོར། རྔ་བ་ཁུལ་སྐབས་བཅུ་གསུམ་པའི་ལུས་རྩལ་འགྲན་ཚོགས་ལས་མི་རིགས་རྟ་རྒྱུགས་རྣམ་གྲངས་འགྲན་བསྡུར་གྱི་འགོ་ཚུགས་མཛད་སྒོ་དེ་ཧུང་ཡོན་རྫོང་གི་རྟ་རྒྱུགས་ར་བ་ནས་གཟབ་རྒྱས་ངང་སྤེལ་བ་རེད། 
            མཐོ་སྒང་གི་ཉི་འོད་དེ་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་བོའི་ཁ་ཕྱོགས་དང་འགྲོགས་ཏེ་འོད་དུ་འཚེར་ཞིང༌། དབྱར་ཟླ་བདུན་པའི་མེ་ཏོག་ལས་རྔ་བ་ཁུལ་གྱི་ཞིང་འབྲོག་མང་ཚོགས་ཁྲི་ཚོ80ལྷག་གི་བདེ་སྐྱིད་འཚོ་བའི་ཚོན་མདངས་   མངོན་པར་གསལ།   ལྷག་པར་ཏུ་རླབས་ཆེ་ཞིང་གཟི་བརྗིད་ལྡན་པའི་ཀྲུང་གོ་གུང་ཁྲན་ཏང་གི་དགུང་གྲངས་དགུ་བཅུ་ལོན་པར་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་ཚིགས་སུ།  རང་ཁུལ་གྱི་རིགས་སོ་སོའི་ཞིང་འབྲོག་མང་ཚོགས་ཀྱིས་ཀྱང་རིམ་པ་ཁག་གི་འབྲེལ་ཡོད་སྡེ་ཁག་དང་འགོ་ཁྲིད་ཀྱི་ཡང་དག་པའི་མཛུབ་ཁྲིད་དང་ཐུགས་ཁུར་གྱི་འོག་ནས་བདེ་སྐྱིད་ཀྱི་འཚོ་བ་ལོངས་སུ་སྤྱོད་བཞིན་དགའ་སྤྲོའི་ངང་ནས་སྲིད་ཇུས་བཟང་བོའི་དྲོད་ཁོལ་རྒྱས་ཤིང་མི་རིགས་བཟང་བོའི་སྲོལ་རྒྱུན་མ་ཉམས་པའི་རྔ་བ་ ཁུལ་གྱི་མི་རིགས་རྟ་རྒྱུགས་འགྲན་ཚོགས་ཆེན་མོ་འཛུམ་གྱིས་བསུས་པ་རེད།


རྟ་རྩལ་མངོན་པ། 

            ཐེངས་འདིའི་རྟ་རྒྱུགས་འགྲན་ཚོགས་ཀྱི་ལུས་རྩལ་རྣམ་གྲངས་ལ་མྱུར་ཚད་འགྲན་བསྡུར﹙རྨིད་ཁྲི་གཅིག་དང༌། སྟོང་ལྔ། སྟོང་གསུམ། སྟོང་གཉིས། སྟོང་གཅིག﹚དང༌།  གོམ་གཤིབ་འགྲན་བསྡུར།  རྟ་ཐོག་གི་འགྲན་བསྡུར﹙མེ་ཏོག་གོང་ལེན་དང་སྐྱ་མིའི་མདའ་རྩལ།  སྐྱ་མིའི་བོའུ་རྩལ﹚བཅས་རྣམ་གྲངས་ཆེན་པོ་གསུམ་ཡོད་པ་དང༌།    ཐེངས་འདིའི་རྟ་རྒྱུགས་འགྲན་ཚོགས་སུ་རང་ཁུལ་གྱི་རྔ་བ་རྫོང་དང་མཛོད་དགེ་རྫོང༌། ཧུང་ཡོན་རྫོང༌། འཛམ་ཐང་རྫོང་བཅས་འབྲོག་རྫོང་ཆེན་པོ་བཞི་སྟེ་འཐུས་ཚབ་རུ་ཁག4ཡོད་པ་དང༌། འགྲན་ཞུགས་རྒྱུགས་རྟ་བརྒྱད་ཅུ་ལྷག་ཡོད་པ་རེད།


ཡུལ་དངོས་ཀྱི་གཟིགས་མོ་བ་ལྷན་རྒྱས།

            འགོ་ཚུགས་མཛད་སྒོ་རུ་ད་དུང་རྟ་རྩལ་རུ་དཔུང་གིས་བྱང་ཆ་ལྡན་ཞིང་ནུས་རྩལ་འཛོམས་པ་དང༌།   ཡིད་དུ་འོང་ཞིང་མིག་དབང་འཕྲོག་པའི་སྐྱ་རྩལ་ནུས་པ་ངོམས་པའི་འཁྲབ་སྟོན་བྱས་པ་དང༌། གཞན་ཡང་ཐེངས་འདིའི་མི་རིགས་རྟ་རྒྱུགས་འགྲན་བསྡུར་གྱི་འགྲན་བསྡུར་རིམ་པ་དང་བོ་སྟེ་རྟ་རྒྱུགས་མྱུར་ཚད་འགྲན་བསྡུར་ལས་རྨིད་སུམ་སྟོང་གི་མྱུར་ཚད་འགྲན་བསྡུར་བྱས་ཤིང་དེར་ཞུགས་པའི་མཛོད་དགེ་རྫོང་གི་ འཐུས་ཚབ་རུ་ཁག་གི་རྒྱུགས་རྟ་ཡིས་སྐབས་འདིའི་མི་རིགས་རྟ་རྒྱུགས་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་དང་བོ་དེ་བླངས་པ་རེད།


འབྲེལ་ཡོད་འོས་སྦྱོར།